R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༣༨༥བ
[A:༣༨༥བ]མཛད་པ་ནི་ཤིན་ཏུ་ལེགས་པར་མངོན་ནོ། བསྐང་གསོ་དཔལ་ལྡན་མ་ཧཱ་ཀཱ་ལ་
(࿄)
བླ་ཆེན་གྲགས་འོད་པས་མཛད་པ།
དཀར་ཆག་ན་འདི་ལྟར་འབྱུང་ཡང་དཔེ་ལ་ལར་ཡར་ཀླུང་པས་མཛད་ཟེར་བ་འདུག་པས་ནོར་རམ་སྙམ།
སྐོང་བཤགས་འབྱུང་བ་རྣམ་བཞི་མ་བཤེས་གཉེན་རྡོ་རྗེ་འཛིན་པ་
(࿄)
ཤེས་རབ་དཔལ་སོགས་ཀྱིས་བསྐུལ་བའི་ངོར་ཆོས་རྗེ་བླ་མ་དམ་པས་བསམ་ཡས་སུ་མཛད་པ། དཔལ་རྡོ་རྗེ་ནག་པོ་ཆེན་པོ་ལྕམ་དྲལ་མཉེས་པར་བྱེད་པའི་མདོས་སྐོང་ཆེན་མོའི་ཆོ་ག །
(࿄)
རབ་མྱོས་ཀྱི་ལོ་སྣྲོན་གྱི་ཟླ་བའི་དཀར་ཕྱོགས་ལ་བླ་མ་ཆེན་པོ་བསོད་ནམས་བློ་གྲོས་ཀྱིས་མཛད་པ།
པུཎྱེ་མ་ཏི་དྷྭ་ཛ་ཤྲཱི་བྷ་དྲས་སྦྱར་ཞེས་པའང་སྣང་།
ནག་པོ་ཆེན་པོ་ལྕམ་དྲལ་འཁོར་དང་བཅས་པའི་མདོས་བྱང་རིན་པོ་ཆེའི་ཕྲེང་མཛེས་ཞེས་བྱ་བ་
(࿄)
སྔགས་འཆང་ཀུན་དགའ་ཟླ་བས་དཔལ་ལྡན་ས་སྐྱའི་དབེན་གནས་ཉི་ཐོག་ཏུ་རང་གི་དྲན་པ་གསོ་བ་དང་། སྐལ་ལྡན་གཅིག་གཉིས་ལ་ཕན་པའི་ཕྱིར་དུ་མཛད་པ། མདོས་ཀྱི་ཆོ་ག་
(མུ)
བླ་མ་རྟ་ནག་པ་ཨ་ནནྡས་བསྐུལ་བའི་དོན་དུ་ས་སྐྱའི་གཟིམས་ཁང་རྫོང་ཆུང་དུ་ཆོས་རྗེ་བཟང་པོ་རྒྱལ་མཚན་གྱིས་མཛད་པ།
འདི་གཉིས་རྫོང་ཆུང་གླེགས་བམ་དུ་མེད་ཀྱང་བརྒྱུད་པ་གཅིག་པས་