R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༣༩༣བ
[A:༣༩༣བ]ཏང་བི་ར་ཞེས་ཡོད་པའི་ནག་པོ་ཆེན་པོའི་ལོ་རྒྱུས་ལྷ་བཀོད་ལས་སྦྱོར་གསུམ་དང་བཅས་པ་ལས་སྦྱོར་བདེ་བའི་རྣམ་དག་བཞུགས་སོའི་མཐའ་ཅན། མགོར། ནག་པོ་ཆེན་པོའི་ལོ་རྒྱུས་ནི་མ་རྒྱུད་མཁའ་འགྲོ་རྡོ་རྗེ་གུར་ནས་ཞེས་ཡོད་པའི་མགོན་པོའི་བླ་མ་བརྒྱུད་པའི་ལོ་རྒྱུས་ཞེས་བྱ་བའི་ཡིག་ཆུང་དེང་སང་གི་བར་ན་ཀུན་ལ་གསལ་ཏེ་ལོ་རྒྱུས་སོའི་མཐའ་ཅན། མགོར། བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །འཁོར་ལོ་མུ་ཁྱུད་ལྔ་བསྐོར། ལྟེ་བར་གྲི་གུག་གི་ཞེས་ཡོད་པའི། རང་སྲུང་འཁོར་ལོ་རབ་གནས་དང་བཅས་པ་ཨཱ་ཙ་རྱ་གྲ�ཥྞ་པཱ་དའི་མན་ངག་ཐུན་མོང་ཡིན་པ་བཛྲ་ཁ་ཐམ་གྱི་མཐའ་ཅན། མགོར། འཇམ་དཔལ་གཤིན་རྗེ་གཤེད་ལ་ན་མོ། གཤིན་རྗེ་པྲ་ཁོག་ནག་གི་རྒྱུད་ལས་ཞེས་ཡོད་པའི། དམ་ཅན་ལ་རུ་མཚོན་འཛུགས་པའི་ཡི་གེ །
(རྒྱ)
ཨོ་རྒྱན་ཆེན་པོས་གུང་དུ་བཀོལ་བ་རྫོགས་བྱང་གི་མཐའ་ཅན། དེའི་ཞར་བྱུང་དུ་སྲོག་མདུང་རུ་མཚོན་འཛུགས་པའི་ཚིགས་བཅད། བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད་ཀྱི་མཐའ་ཅན།
དཀར་ཆག་མི་གསལ་བ་གང་གི་ཁོངས་སུ་གཏོགས་སམ་སྙམ།