R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༣༩༩ན
[A:༣༩༩ན]མཛད་པའི་དབང་ཕྱུག་ཆེན་པོའི་སྲས་པོ་དྲག་པོ་ཆེན་པོའི་བསྙེན་སྒྲུབ་ལས་ལ་འཇུག་པ་དོན་གསུམ་མ་ཞེས་ཐུན་མོང་མ་ཡིན་པའི་ཡི་གེ་ཆིག་བརྒྱུད་མའི་གྲས། དེས་མཛད་པའི་བསྙེན་སྒྲུབ་ལས་གསུམ་གྱི་དུས་སུ་རྨི་ལམ་གཏན་ལ་དབབ་པའི་མན་ངག་རྟགས་ཡིག་ཏུ་གྲགས་པ། པུ་ཏྲའི་གཏོར་ཆོག་ཐེག་ཆེན་ཆོས་ཀྱི་རྒྱལ་པོས་དཔལ་ཉན་པོའི་གཙུག་ལག་ཁང་དུ་མཛད་པ། གུར་ཞལ་རྣམ་གཉིས་ཀྱི་བླ་བརྒྱུད་བདག་ཆེན་རྡོ་རྗེ་འཆང་ཡན་གྱི་མཚན་བྱང་སྐད་གཉིས་སྦྱར་བ། ནག་པོ་ཆེན་པོ་འཁོར་དང་བཅས་པའི་སྤྱན་འདྲེན་སྔགས་བྱང་དང་བཅས་པ་དད་པ་དམ་ཚིག་མ། བྱུང་རྫས་ཀྱི་ངོས་འཛིན་དང་བཅས་པ་རྗེ་བཙུན་གྱི་ཕྱག་བྲིས་དངོས་ལས་ཞལ་བཤུས་མ།
སྤྱན་འདྲེན་གྱི་སྔགས་བྱང་འདི་སོགས་དཀར་ཆག་ན་མི་གསལ། དཀར་ཆག་ན་སྔགས་བྱང་ཚོ་གསུམ་གསལ།
༧ཤཱ་ས་ནའི་སྔགས་དོན་
གསེར་པོད་ན་ཨི་དཾ་དུཥྚན་ཡན་རྡོ་རྗེ་འཆང་ཀུན་དགའ་བཟང་པོས་ལྷ་མོའི་སྔགས་ཀྱང་བཀྲལ་འདུག །དེ་མན་ཞབས་ཏོག་ཏུ་བྲིས་ཟེར་བ་འདུག །
(ཨེ)
དཀྱུས་སུ་བཀྲལ་བ་གཅིག །
དཀར་ཆག་ན་གུར་ཞལ་ལས་མཁན་དང་བཅས་པའི་སྔགས་བྱང་ཟེར་བ་ལས་ངོར་པ་དང་ས་བཟང་བ་སོགས་ནང་གསེས་དབྱེ་བསལ་མི་འདུག །
ཡང་ས་བཟང་མ་ཏིས་རྒྱ་དཔེ་བདུན་ལ་གཏུགས་ནས་
(ཨེ མུ)
མཆན་བུས་བཀྲལ་བ་གཅིག །
ལྷ་