R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༣༩༩བ
[A:༣༩༩བ]
མོའི་སྔགས་ཀྱང་བཀྲལ་འདུག །
དེས་ཤཱ་ས་ན། བོད་སྐད་ཀྱི་ཚིགས་བཅད་དུ་བསྡེབས་པ་
(ཨེ མུ)
འདི་གླེགས་བམ་དུ་ཞུགས་ཀྱང་དཀར་ཆག་ཏུ་མི་གསལ།
གཅིག །གུར་ཞལ་ལས་མགོན་དང་བཅས་པའི་སྔགས་བྱང་རྒྱས་པ་མཆན་བུས་བཀྲོལ་བ།
གོང་གསལ་གྱི་སྔགས་བྱང་གསུམ་པོ་དཔེ་ཚན་གཅིག་ཏུ་ཡོད།
༧མགོན་ཆེན་ལས་མགོན་དང་བཅས་པའི་བཀྲོལ་མེད་པའི་སྔགས་བྱང་བསྡུས་པར་གྲགས་པ་
(མུ)
བླ་མ་དམ་པ་ངག་དབང་གྲགས་པའི་དཔལ་གྱིས་གོང་མའི་ཕྱག་དཔེ་ལ་གཏུགས་ཏེ་མཛད་པ། ཡང་སྔགས་བྱང་མཇུག་ན་ཀུན་ལ་ངག་འཛིན་བྱེད་པ་ཕྱག་ལེན་ཡིན་ཞེས་ཡོད་པའི་ཆོས་རྗེ་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གྱིས་ཞུས་དག་མཛད་པ་ལྟར་ཡར་ཀླུང་པ་སེང་གེ་རྒྱལ་མཚན་དཔལ་གྱིས་ཀླུའི་དགོན་པར་བྲིས་པའི་ཕྱག་བྲིས་དངོས་ལས་བཤུས་པ། གཙང་རིས་ཀྱི་དཔལ་མགོན་བདུན་ཅུ་དང་། བརྟན་མ་བཅུ་གཉིས་ཀྱི་སྲོག་སྔགས་དང་བུམ་རྫས་ལྔ་ཚན་ལྔའི་འཛིན་ཕན་ཡོན་དང་བཅས་པ་རྣམས་སོ།། ༈ བཞི་པ་བདག་ཆེན་རྡོ་རྗེ་འཆང་གི་གསུང་ལ། དེ་ཉིད་ཀྱིས་མཛད་པ་དངོས་དང་། དེས་གསུང་སྒྲོས་ཟིན་བྲིས་སུ་བྱས་པ་གཉིས། དང་པོ་ལ། མགོར། བླ་མ་དང་རྡོ་རྗེ་མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་ལོ། །