R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༤༠༠ན
[A:༤༠༠ན]འདིར་རྡོ་རྗེ་ནག་པོ་ཆེན་པོའི་མན་ངག་གི་ཐོ་བླ་མའི་ཞལ་ལས་བྱུང་བ་ཅུང་ཟད་བརྗོད་ན། ཞེས་ཡོད་པའི་སྒྲུབ་སྐོར་གྱི་ཁོག་དབུབ་ཀྱི་ཡི་གེ་ཕྱོགས་ཐམས་ཅད་ལས་རྒྱལ་བར་གྱུར་ཅིག་གི་མཐའ་ཅན། ༧མེ་འབར་མའི་བཀའ་ཆག་ཡིད་བཞིན་ནོར་བུའི་བང་མཛོད།
དཔེ་ལ་ལར་རིན་པོ་ཆེའི་བང་མཛོད། ཅེས་སྣང་།
༧མགོན་པོ་ལྷ་བརྒྱད་ཀྱི་སྒྲུབ་ཐབས་ཐུན་མོང་མ་ཡིན་པ་གསང་བ་ཡིད་བཞིན་ནོར་བུ། དེང་སང་གསང་བའི་མགོན་ཁང་ལ་གསང་བ་ཡིད་བཞིན་ནོར་བུའི་མགོན་ཁང་ཞེས་པའང་སྒྲུབ་ཡིག་འདི་ལ་བརྟེན་ནས་ཐོགས་ཤིང་། ཐོག་མར་སློབ་དཔོན་སངས་རྒྱས་དཔལ་བར་ཟིན་བྲིས་ཙམ་ཞིག་གནང་བ་ཁོང་གི་གྲོགས་དམ་པ་ཞིག་ནས་འཕེལ་བར་ཕྱག་ཏུ་འབྱོར་བས་མན་ངག་ཤེས་པར་འདོད་ན་མེད་ཀ་མེད་གཅིག་བྱུང་འདུག་པར་དགོངས་ནས་ཆོས་ཀྱི་བུ་དང་རིགས་ཀྱི་ཚ་བོ་རྣམས་ཀྱི་དོན་དུ་ཞུ་དག་དང་མཇུག་གི་ཚིགས་བཅད་སོགས་གནང་བ་ཡིན་ལ། དེ་ཡང་། གངས་ཀྱི་ཆུ་དང་འོ་མ་འདྲེས་པ་དེ། ངང་པའི་རྒྱལ་པོས་འབྱེད་ཤེས་གཞན་མིན་ལྟར། །མ་ནོར་གནད་ཀྱི་བཅུད་རྣམས་ལེན་ཤེས་པ། །ད་ལྟའི་དུས་ན་བདག་ལས་གཞན་སུ་ཞིག །།དེ་ལྟའི་བློ་གྲོས་གང་གི་མཐུས་བྱུང་