[A:༤༠༠བ]ན། མཁྱེན་བརྩེའི་ནུས་མཐུ་མཆོག་གི་འབྱོར་པ་ཅན། །དཔལ་ལྡན་བླ་མ་ནམ་མཁའི་མཚན་ཅན་ཞབས། །འདྲེན་མཆོག་དེ་ཡི་དྲིན་ལས་རྙེད་པར་གྱུར། །ཅེས་ཟབ་པ་ལས་ཀྱང་ཆེས་ཟབ་པའི་སྙིང་ནང་གི་ཁྲག་ལྟ་བུ་སྙན་ནས་སྙན་དང་། ཞལ་ནས་ཞལ་དུ་བརྒྱུད་པའི་གདམས་པ་རྣམས་ནི། ཡབ་འཇམ་དབྱངས་ཆོས་རྗེ་ནམ་མཁའ་རྒྱལ་མཚན་ཁོ་ན་ལས་གསན་ཅིང་། དེ་ཡན་དུ་གདམས་པ་ཁ་འཐོར་ནས་ཤེས་རློམ་ཕལ་ཆེར་གྱིས་ཟིང་ཟིང་པོར་གྱུར་ནས་རྟོགས་དཀའ་བ་དག་བསྟན་པ་རིན་པོ་ཆེའི་ལྕགས་རིར་ནག་པོ་འགྲོ་ཤེས་ཀྱི་ཚུལ་དུ་བཀོད་པ་གནང་བ་ཡིན་པས། སྤྱིར་སྙན་བརྒྱུད་ཀྱི་གླེགས་བམ་ཡོངས་རྫོགས་བཀའ་དམ་པ་མ་ཟད། གསང་བ་ཡིད་བཞིན་ནོར་བུའི་ཡི་གེ་འདི་དུས་གཅིག་ལ་སྣོད་ལྡན་གྱི་སློབ་མ་གཅིག་ལ་ཆིག་བརྒྱུད་དུ་སྤེལ་བའི་ཕྱག་ལེན་ཉམས་པ་མེད་ཅིང་།འདིའི་རྒྱུ་མཚན་ཡང་། ཇི་སྐད་དུ། མཐུ་ཆེན་གྲགས་པའི་དབང་ཕྱུག་གདོང་བཞི་ལ། །གཉེར་དུ་གཏད་དོ་དམ་ཉམ་སྣོད་མིན་ལ། སྤེལ་ན་དེའི་སྙིང་ཁྲག་གསོལ་བར་མཛོད། །བླ་མ་ལ་གུས་དམ་ཚིག་སྙིང་རྗེར་ལྡན། །བསྟན་ལ་སེམས་པའི་སྣོད་ལྡན་བྱུང་གྱུར་ན། །ཐོག་མར་དམ་བསྒྲགས་ཆིག་