R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༤༠༡ན
[A:༤༠༡ན]བརྒྱུད་ཚུལ་དུ་སྦྱིན། །དེའི་མཐར་བཀའ་རྒྱས་གདབ་པ་ཤིན་ཏུ་གཅེས། །ཞེས་གསུངས་པ་བརྒྱུད་འཛིན་མཐའ་དག་གི་སྙིང་གི་དཔལ་བེའུར་བཅངས་ཤིང་འཆང་བར་གྱུར་པ་ཤ་སྟག་གོ། ༧མགོར། ན་མོ་གུ་རུ་ཝེ། འདི་ལྟར་ཕྱི་ནང་གིས་བསྡུས་པའི་ད་ལྟར་གྱི་འཆར་སྒོ་རྟོག་རིག་བག་ཆགས་དང་བཅས་པ་འདི་དག་ཅེས་ཡོད་པའི་ནང་སྒྲུབ་དང་གསང་སྒྲུབ་ཀྱི་གནད་ཀྱི་ཟིན་བྲིས་སྐྱེ་བའི་ཆོ་འཕྲུལ་སྣ་ཚོགས་འབྱུང་བ་མཚོན་པའོའི་མཐའ་ཅན།
ནང་གསང་གི་ཁྲིད་མ་ཐོབ་བར་ལུང་མི་མཛད་པ་ཕྱག་ལེན་ནོ།།
མགོན་པོ་ཁྲོ་བཅུའི་འཁོར་ལ་ཉེ་བར་མཁོ་བའི་ཁྲོ་བཅུའི་མན་ངག །
(ཞ a)
ཞལ་གདམས་དང་བཅས་པ་བྱས་འགྱུར་རྡོ་རྗེའི་ཕོ་བྲང་དུ་ཀུན་དགས་ཡི་གེའི་རྐྱེན་སྦྱར་བ་ལ་བརྟེན་ནས་མཛད་པ་རྣམས་སོ། ། ༈ གཉིས་པ་གསུང་སྒྲོས་ཟིན་བྲིས་ཀྱི་སྐོར་ལ། བཀའ་བབས་བཞིའི་རྣམ་བཞག །སྐུ་གསུང་ཐུགས་ཕྱི་ནང་གསང་བའི་རྟེན་བཤམ་ཚུལ། བསྙེན་སྒྲུབ་ལས་སྦྱོར་གཏོར་མ་དང་མཆོད་པའི་རིམ་པ། དམ་པའི་ཤོག་དྲིལ་དྲུག་གི་ལག་ལེན་རྣམས་གསལ་བར་སྟོན་པའི་ཟིན་བྲིས་