R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༤༠༡བ
[A:༤༠༡བ]
(ཞ)
ཆེན་མོར་གྲགས་པ། མཇུག་ན། ཇི་སྐད་དུ། འདི་ལས་ཕུན་ཚོགས་དགེ་བ་གང་ཐོབ་དེས། །བློ་གྲོས་ཁང་བཟང་སྙན་བརྒྱུད་ནོར་གྱིས་གཏམས། །རྒྱལ་མཚན་འཕྱར་བས་གཟི་བརྗིད་ཁམས་གསུམ་འགེངས། །དཔལ་འབྱོར་བཟང་པོས་དབུལ་ཕོངས་ཞི་བར་ཤོག ། །ཅེས་པའི་མཐའ་ཅན། འདི་ཡང་དུས་གཅིག་ལ་ཆིག་བརྒྱུད་ལས་མི་གནང་། ༈ ཡང་དགོན་མཁན་ཆེན་དཔལ་ལྡན་བཀྲ་ཤིས་ཀྱིས་ཟིན་བྲིས་བཏབ་པའི་སྐོར་ལ། མགོར། ཨོཾ་སྭསྟི་སིདྡྷཾ། བླ་མ་དང་དམ་ཅན་སྲུང་མའི་ཚོགས་ལ་གུས་པས་ཕྱག་འཚལ་ལོ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སྐུ་བཞིའི་དབང་ཕྱུག་ཅེས་ཡོད་པ་རྒྱུད་སྡེ་བཞིའི་དབྱེ་བ། རྒྱུད་ནས་ཆོས་སྐྱོང་བསྟན་ཚུལ། བརྒྱུད་པའི་ལོ་རྒྱུས། རྐྱང་སྒྲུབ། སྦགས་སྒྲུབ། ཕྱིར་རྟེན་ཕྱི་རུ་བཅའ་བ། ནང་རྟེན་ནང་དུ་བཅའ་བ། བསྙེན་སྒྲུབ་ལས་སྦྱོར། གསང་རྟེན་གསང་བར་བཅའ་བ། འཁུ་ལྡོག་སྤོང་བ། ཕྱི་སྒྲུབ་ཤོག་དྲིལ་དྲུག་གི་ལག་ལེན་སོགས་སྟོན་པའི་ཟིན་བྲིས་རྒྱས་པ། གཞན་གྱི་རྐྱེན་ཟློག་ཏུ་སོང་བས་ཉེན་ཡོད། ས་སྐྱ་པའི་ཐུན་མོང་མ་ཡིན་པའི་མན་ངག་གོའི་མཐའ་ཅན། དུས་གཅིག་ལ་ཆིག་བརྒྱུད་མའི་གྲས།