R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༤༢༡བ
[A:༤༢༡བ]བདེ་གཤེགས་མ་བྲམ་ཟེ་མཆོག་སྲེད་ཀྱིས་མཛད་པ།
མེ་འབར་པོ་ཏི་དང་། ཚར་ལུགས་བསྟོད་འབུམ་ནའང་ཡོད། འདིའི་རྗེས་སུ་ནག་པོ་ཆེན་པོའི་བསྙེན་སྒྲུབ་རྒ་བསང་གི་ཡི་གེ་རྙིང་པ།
བྲམ་ཟེ་མཆོག་སྲེད་ཀྱིས་མཛད་པའི་རབ་
འདི་མཚམས་དཀར་ཆག་དང་པོད་གཞུང་ན་ནག་པོ་ཆེན་པོའི་བསྙེན་སྒྲུབ་སྦགས་བསད་ཀྱི་མན་ངག་ཅེས་སྣང་བ་གསང་ཁྲིད་རྣམས་སུ་ཆད་པའམ་ལུང་རྒྱུན་ཆད་པ་གང་ཡིན་བརྟག །
གནས་ཀྱི་ཆོ་ག་འམ་བཀྲ་ཤིས་ཀྱི་ཆོ་གར་གྲགས་པ་སྣ་ཚོགས་རྡོ་རྗེ་གྱི་ལྗང་དབུ་དཀར་གྱིས་བསྒྱུར་བ་རྣམས་སོ། ། ༧གཉིས་པ་ལས་མགོན་གྱི་སྒྲུབ་ཐབས་ལ། མགོར་རྒྱ་སྐད་ཡོད་པའི་མགོན་པོ་གཅེར་བུའི་ངན་སྔགས་སམ་དུར་ཁྲོད་ཀྱི་མགོན་པོ་གཅེར་བུའི་སྒྲུབ་ཐབས་
(࿅)
(མུ)
བྲམ་ཟེ་མཆོག་སྲེད་ཀྱིས་མཛད་པ་གྱི་ལྗང་དབུ་དཀར་གྱིས་བསྒྱུར་བ། འདི་ལ་ནང་གསེས་སྒྲུབ་པ་ལས་སྦྱོར་སེར་འབེབས་དང་བཅས་པ་ཡོད་ཅིང་རང་འདྲའི་འཁོར་བཞིས་བསྐོར་བའི་ལྷ་ལྔ་དང་། ཀྵི་ཏྲ་པཱ་ལ་པིཏཱ་པཱ་ལ་གཉིས་བསྣན་པའི་གཙོ་འཁོར་བདུན་དུ་འགྱུར་བས་མཁྱེན་བརྩེའི་གསན་ཡིག་ན་ལྷ་བདུན་མ་ཞེས་ཡོད། ཁ་ཅིག་གུར་མགོན་དཔའ་གཅིག་དང་རྫོང་ཆུང་པས་གུར་མགོན་ཉིད་དུ་བཞེད་པ་ནི། སྒྲུབ་ཡིག་རྙིང་པར་མདུན་དུ་མགོན་པོའི་བཀའ་ཉན་གྱི་ཚུལ་དུ་བསྐྱེད་པར་བཤད་པ་དང་སྒྲུབ་ལུགས་དང་སྔགས་སོགས་