R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༤༢༢ན
[A:༤༢༢ན]གང་ལའང་ཐེ་ཚོམ་མ་ཞུགས་པའི་སྐྱོན་ཡིན་ཅིང་། གནོད་སྦྱིན་ཀླུ་བདག་ནག་པོ་ཞེས་བྱ་བ་ལས་མཁན་ཤིན་ཏུ་གཉན་པ་ཞིག་ཡིན་ཚུལ་བདག་ཆེན་རྡོ་རྗེ་འཆང་ཡབ་སྲས་གསུངས་པ་སོགས་དཀར་ཆག་ཏུ་གསལ་བར་ཡོད་པ་ཞིབ་མོར་དཔྱད་པ་གནད་དུ་ཆེའོ། །མགོར། བླ་མ་དམ་པ་རྣམས་དང་དཔལ་ནག་པོ་ཆེན་པོ་ལ་ཕྱག་འཚལ་ལོ། །དུར་ཁྲོད་ན་གནས་པའི་མགོན་པོ་གཅེར་བུ་ཟངས་གྲི་ཅན་ཞེས་ཡོད་པའི་
(࿄)
སྒྲུབ་ཐབས་གོང་མའི་ཡི་གེ་ལྷག་ཆད་དང་བྲལ་བར་ཡི་གེར་བྲིས་པ་རྫོགས་སོའི་མཐའ་ཅན། ༧མགོར་སྐད་ཤན་སྦྱར་དང་། དཔལ་མགོན་པོ་ཆེན་པོ་ལ་ཕྱག་འཚལ་ལོ། །གཙོ་བོའི་ང་རྒྱལ་སྔོན་སོང་བས། ཞེས་ཡོད་པའི་བྲན་བདུད་གཤིན་རྗེ་ནག་པོའི་སྒྲུབ་ཐབས་
(མུ)
(࿅)
རྒྱ་གར་གྱི་མཁན་པོ་བྲམ་ཟེ་མཆོག་སྲེད་ཀྱིས་མཛད་པ་གཞན་ལ་མི་སྤེལ་བར་བཀའ་རྒྱས་བཏབ་པ་གྱི་ལྗང་གིས་བསྒྱུར་བ། ༧མགོར་། འདིའི་ལུང་སྦྱིན་པའི་ཚུལ་འདྲི་སྟེ་ཞེས་ཡོད་པའི་རྗེ་ས་ཆེན་གྱིས་དོ་པ་སྟོན་ཚུལ་ལ་གནང་བའི་
(࿄)
(࿅)
(དུང་)
བྲན་བདུད་