R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༤༢༢བ
[A:༤༢༢བ]ཀྱི་ལུང་སྦྱིན་པ་ཞེས་བྱ་བའི་རྗེས་གནང་གི་ཡི་གེ་དག་འཛིན་ཡི་གེ་ལ་ཟིན་བྲིས་བྱ་བོའི་མཐའ་ཅན།
མེ་འབར་མར་ཡང་ཡོད།
མགོར། བླ་མ་དམ་པའི་ཞབས་ལ་འཚལ་ལོ། །དཔལ་ནག་པོ་ཆེན་པོའི་དྲག་སྒྲུབ་སྤྱིའི་ལས་ལ་ཞེས་ཡོད་པའི་
(࿄)
(࿅)
(དུང་)
བྲན་བདུད་ཀྱི་སྒྲུབ་ཐབས་དཔལ་བརྩེ་བ་ཆེན་པོ་ཆོས་ཀྱི་རྗེའི་ཞལ་སྔ་ནས་ཀྱིས་རྗེས་སུ་བཟུང་སྟེ་རྒྱལ་ཁམས་པ་དོ་པ་སྟོན་ཚུལ་གྱི་རྩིགས་སུ་མཛད་དེ་གནང་བ། མགོར། བླ་མ་དང་དཔལ་མ་ཧཱ་ཀཱ་ལར་ཕྱག་འཚལ་ལོ། །ནག་པོ་ལྕམ་དྲལ་མཆོད་དང་བསྟེན། །ཞེས་ཡོད་པའི་
(࿄)
(࿅)
རུ་མཚོན་བཅའ་ཐབས་ཀྱི་ཡིག་རྙིང་ཡར་ཀླུང་པ་སེང་གེ་རྒྱལ་མཚན་གྱིས་ཞུས་དག་མཛད་པ་
མེ་འབར་མར་ཡང་ཡོད།
ལ་ལས་བྲན་བདུད་འདི་ལུགས་གཞན་ཞིག་ཏུ་ངོས་འཛིན་པ་དང་། འཕགས་པ་རིན་པ་ཆེའི་གཟིགས་སྣང་གི་མགོན་པོ་རྟ་ནག་མར་འདོད་པ་སོགས་རྣམ་པར་མ་བརྟགས་པ་ཁོ་ན་སྟེ། འདིའི་སྒྲུབ་སྐོར་བླ་མ་མལ་ལ་བརྩེ་བ་ཆེན་པོས་གསེར་སྲང་གང་གིས་བསླུས་པའི་རྩིགས་ཆེན་ཡིན་ཚུལ་སོགས་ཡིག་རྙིང་དུ་ཡོད་པས་ཀྱང་ཤེས་ནུས་སོ། །བྲན་བདུད་འདི་ཤིན་ཏུ་བཀའ་གཉན་པས་གསེར་གྱི་མཎྜལ་དང་བཅས་ཆིག་