R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༤༢༥ན
[A:༤༢༥ན]དབང་ཕྱུག་མ་འཇིགས་བྱེད་དུད་པའི་སོལ་བ་ཅན་གྱི་ཆོས་སྐོར་གྱི་དཀར་ཆག་སྙན་བརྒྱུད་གསལ་བའི་མེ་ལོང་ཞེས་བྱ་བའི་རྡོ་རྗེ་འཆང་ཚར་པ་ཆོས་རྗེས་མཛད་པ། དེ་ལས་བསྟན་པའི་གདམས་པ་ལ། མགོར། བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །དཔལ་ལྡན་ལྷ་མོའི་སྒོ་ནས་གཏོར་མའི་རྗེས་གནང་བྱེད་པར་འདོད་པས་ཞེས་ཡོད་པའི་ལྷ་མོའི་ཕྱི་སྒྲུབ་ཀྱི་རྗེས་གནང་གི་ཡི་གེ་རྔོག་ཞེ་སྡང་རྡོ་རྗེས་མཛད་པ།
འདི་ཉིད་ཀྱི་ལག་ལེན་གསལ་བྱེད་རྔོག་བསོད་ནམས་དོན་གྲུབ་ཀྱིས་གཞུང་རི་བོ་ཁྱུང་ལྡིང་གི་ཆོས་གྲྭར་མཛད་པའི་དཔེ་མ་འབྱོར་བས་མ་ཐོབ་པའོ། །
མགོར། ལྷ་མོ་ཆེན་པོ་ལ་ཕྱག་འཚལ་ལོ། དང་པོ་རྟེན་རྫས་ཐམས་ཅད་ཚོགས་པར་བྱས་ལ། ཞེས་ཡོད་པའི་ལྷ་མོའི་གསུང་སྒྲུབ་ཀྱི་རྗེས་གནང་ཐུན་མོང་ཡིན་པ་ནན་ཆགས་མར་གྲགས་པ་རྩ་བའི་ཡི་གེ་མཛད་པ་པོ་གོང་བཞིན། དེའི་གསལ་བྱེད་མར་རྔོག་གི་ཕྱག་ལེན་
པོད་གཞུང་དང་དཀར་ཆག་ཏུ་བརྟགས་ན་རྗེས་གནང་གི་ཡི་གེ་ལྔ་སྣང་བ་ལས་གཅིག་གསན་ཡིག་རྣམས་སུ་ཆད་དམ་སྙམ་པ་བརྟག་རྒྱུ།
ཞེས་པའི་གསང་སྒྲུབ་རྗེས་གནང་གི་ཡི་གེ་མཁས་པའི་དབང་པོ་བློ་གསལ་རྒྱ་མཚོས་བསྐུལ་བ་ལ་བརྟེན་ནས་རྔོག་བསོད་ནམས་བསྟན་འཛིན་གྱིས་སྟོད་