R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༤༢༥བ
[A:༤༢༥བ]ལུང་མཚུར་ཕུའི་གཙུག་ལག་ཁང་དུ་མཛད་པ། ༧མ་མོ་སྤྱིའི་རྒྱུད་དཔལ་རྡོ་རྗེ་མཁའ་འགྲོ་མ་མེ་ལྕེ་འབར་མའི་རྒྱུད་ལེའུ་ཉི་ཤུ་རྩ་གཉིས་པ་ཨོ་རྒྱན་གྱིས་གནས་ཆེན་པོར་མཁའ་འགྲོ་མ་ཌོམྦི་ཀ་མ་ལའི་ཞལ་སྔ་ནས་དང་། སྒྱུར་བྱེད་ཀྱི་ལོ་ཙཱ་བ་ལྕོག་རོ་ཀླུའི་རྒྱལ་མཚན་གྱིས་ཞུས་ཏེ་གཏན་ལ་ཕབ་པ། ༧དུད་སོལ་མའི་སྒོས་རྒྱུད་དཔལ་ལྡན་ལྷ་མོ་ནག་མོ་དངོས་གྲུབ་ཐམས་ཅད་འབྱུང་བའི་རྒྱུད་ལེའུ་བཅོ་ལྔ་པ་རྒྱ་གར་གྱི་མཁན་པོ་ནཱ་རོ་པ་དང་། བོད་ཀྱི་ལོ་ཙཱ་བ་བནྡེ་ལོ་ཀ་ཤྲཱིས་བསྒྱུར་བ། ཡང་ལོ་པཎ་དེ་ཉིད་ཀྱིས་བསྒྱུར་བའི་འདོད་ཁམས་དབང་ཕྱུག་མའི་ཕྱི་སྒྲུབ་ཀྱི་རྒྱ་གཞུང་ཞེས་པ། བསྙེན་པ། སྨྱོ་ཞིང་བསད་པ། བསམ་གཏན་གྱིས་གསོད་པ་རྣམས་སྟོན་པའི་མཁའ་འགྲོ་དུད་སོལ་མའི་སྒྲུབ་ཐབས་མཁས་པ་ཆེན་པོ་བྲམ་ཟེ་མཆོག་སྲེད་ཀྱིས་མཛད་པ།
འདི་དང་མེ་འབར་མའི་ཕྱི་པ་ལྟར་སྒྲུབ་པ་དང་གཉིས་(འདིར་མཆན་ཚིག་རྐང་མི་གསལ)ཅེས་དཀར་ཆག་ན་གསུངས་པ་ལྟར་ཞུ་དག་ཀྱང་ཕེར་བ་འདུག་གོ །
དེའི་བསྡུས་དོན་ས་བཅད་མགོ་ན། དཔལ་ལྡན་ལྷ་མོ་ནག་མོ་ལ་གུས་པས་ཕྱག་འཚལ་ལོ། །འདི་སྒྲུབ་པ་ལ་དོན་བཞི་སྟེ། ཞེས་ཡོད་པ་རྫོགས་བྱང་གི་མཐའ་ཅན། ༧བསྙེན་པ་ལ་དོན་བཅོ་