R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༤༢༦ན
[A:༤༢༦ན]ལྔ་སྒྲུབ་པ་ལས་སྦྱོར། སྨྱོ་ཞིང་བསད་པ་ལ་དོན་ལྔ།
དོན་ལྔ་ཟེར་ཡང་རྫས་བསགས་པ་ནས་སྦྱིན་སྲེག་གི་བར་བརྒྱད་འདུག་གོ །
བསྐྱར་བའི་ཆོ་ག་དང་བཅས་པའི་ལག་ལེན་ཤིན་ཏུ་ཟབ་ཅིང་གསལ་བ་རྒྱ་གཞུང་གི་འགྲེལ་པ་ཞལ་གདམས་མར་གྲགས་པ་ཞག་བདུན་དུ་ཅི་ཡང་མི་ཟ་བར་བྱེད་དོ། །དེས་ངེས་པར་འགྲུབ་པོའི་མཐའ་ཅན།
སྙན་བརྒྱུད་པོ་ཏིར་བཞུགས་པའི་ཡིག་ཆུང་ཡིད་བཞིན་ནོར་བུ་དང་ཞུ་དག་ཕེར་ཞེས་དཀར་ཆག་ན་སྣང་ངོ་། །
༧མགོར། དཔལ་བོ་ཆུ་སྐྱེས་སྔོན་པོའི་མདོག །ཅེས་ཡོད་པའི་འདོད་ཁམས་དབང་ཕྱུག་མའི་བསྙེན་པའི་ཡི་གེ་རྗེ་མར་པ་ཆོས་ཀྱི་བློ་གྲོས་ཀྱིས་གསུངས་ལས་བྱུང་བ་བླ་མའི་ཞལ་ནས་གསུངས་པ་རྫོགས་སོའི་མཐའ་ཅན། མགོར། དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །དམ་ཚིག་ལྡན་པའི་སྔགས་པ་ཡིས། །ཞེས་ཡོད་པའི་སྒྲུབ་པ་དང་ལས་སྦྱོར་གྱི་ཞལ་གདམས་ཤིན་ཏུ་ཟབ་པས་གསང་བར་བྱའོ་ཞེས་པའི་མཐའ་ཅན། ༧མར་པས་ནཱ་རོ་ལ་ཆོས་སྐྱོང་ཞུས་པའི་ལོ་རྒྱུས་ཡོད་པའི་ལྷ་བརྒྱད། བཟླས་པ། རྨི་ལྟས། སྲོག་ཐུན་སུམ་ཅུའི་རྣོ་ཚད། བཟླས་པའི་སྐྱོན་ཡོན་སྒྲུབ་པ། ལས་སྦྱོར། སྦྱིན་སྲེག་གསུམ་གྱི་དཀྱིལ་འཁོར་ལ་བརྟེན་ཚུལ། འབོད་