R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༤༢༦བ
[A:༤༢༦བ]རྦད་བསད་གསུམ་གྱི་སྔགས་བྱང། གཏོར་མ་དང་ལིངྒ་བལྟ་བ་ཚུལ་ཁྲིམས་ཆོས་སྡེ་གཅིག་ཏུ་བཞུགས་པའི་འདོད་ཁམས་དབང་ཕྱུག་མའི་ཞལ་གདམས་
མཁྱེན་བརྩེའི་གསན་ཡིག་ན་ གདོད་ཁམས་དབང་ཕྱུག་མའི་ཞལ་གདམས་ བསྙེན་སྒྲུབ་ལས་གསུམ་གྱི་ཡི་གེ་ཞེས་པ་འདུག
རྔོག་གཞུང་པ་ཡབ་སྲས་ལ་གནང་བ། མགོར། མ་ཧཱ་དེ་ཝཱི་ན་མོ། གཞན་ཡང་བདག་གི་རྨི་ལྟས་སུ། །ཞེས་ཡོད་པའི་སྒྲུབ་པ་ལས་སྦྱོར་གྱི་ཡི་གེ་ཞལ་གདམས་རྨི་ལྟས་མར་གྲགས་པ་དཔལ་ལྡན་ལྷ་མོའི་རྨི་ལྟས་རྫོགས་སོའི་མཐའ་ཅན། ༧འདོད་ཁམས་དབང་ཕྱུག་དུད་སོལ་མའི་གསང་སྒྲུབ་ཀྱི་རྒྱ་གཞུང་རྒྱ་གར་གྱི་མཁས་པ་ཆེན་པོ་ནཱ་རོ་པས་མཛད་པ་པཎྜི་ཏ་དེ་ཉིད་དང་ལོ་ཙཱ་བ་མར་པ་ཆོས་ཀྱི་བློ་གྲོས་ཀྱིས་བསྒྱུར་བ།
ཡིག་ཆའི་ཁ་ཡིག་ན་བིརྺ་པས་མཛད་ཟེར་བ་འདུག་པ་ཁྲུལ་གཞི་བྱུང་བ་སྟེ། འདི་དུར་ཁྲོད་དགའ་བའི་ཚལ་དུ་རྣལ་འབྱོར་དབང་ཕྱུག་བིརྺ་པ་ལ་ལྷ་མོས་དངོས་སུ་གནང་ནས་ཤར་ཕྱོགས་ནག་པོ་པ་ནས་བརྒྱུད་པ་ཡིན་གྱི་ཡིག་ཆ་འདི་ག་མཛད་པ་མིན་ནོ། །
དེའི་འགྲེལ་པའི་ལག་ལེན་མ་འདོད་ཁམས་དབང་ཕྱུག་དྲག་མོ་རྐང་ཐང་མ་རྣོ་བའི་མདེའུ་ཧ་ལ་རེག་གཅོད་ཅེས་བྱ་བ་ཞེ་སྡང་རྡོ་རྗེས་ཡི་གེར་བྲིས་པ།
འདི་མཚམས་དཀར་ཆག་ནག་པོར་གཞུང་བཅས་པར་གསང་སྒྲུབ་གྱི་འགྲེལ་པ་ཞེས་པ་ཞིག་སྣང་།
མགོར། དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །ལྷ་མོ་སྒྲུབ་པའི་ཐབས་ལ་གྲུ་གསུམ་སྟེང་དུ་ཞེས་ཡོད་པའི་