R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༤༢༧ན
[A:༤༢༧ན]དྲག་མོ་རྐང་ཐང་གི་སྒྲུབ་ཐབས་ཐུན་མོང་མ་ཡིན་པ་རྫོགས་སོའི་མཐའ་ཅན། ༧དྲག་མོ་རྐང་ཐང་ཡང་སྙིང་བཀོལ་བའི་སྒྲུབ་ཐབས་དུད་སོལ་མ་མངོན་སུམ་དུ་བཀོལ་བའི་མན་ངག་ཏུ་གྲགས་པ་རྔོག་ཞེ་སྔང་རྡོ་རྗེས་མཛད་པ། ༧མགོར། དཔལ་ཁྲག་འཐུང་གི་རྒྱལ་མོ་ལ་ཕྱག་འཚལ་ལོ། །དུར་ཁྲོད་སོལ་བ་ཅན་གྱི་སྒྲུབ་ཐབས་ནི། ཞེས་ཡོད་པའི་འདོད་ཁམས་དབང་ཕྱུག་ཡང་གསང་རྐང་ཐང་དུ་སྒྲུབ་པའི་ཡི་གེ་རྔོག་ཞེ་སྡང་རྡོ་རྗེའི་ཞལ་གདམས་ཇི་ལྟ་བ་བཞིན་དུ་བཀོད་པའི་མཐའ་ཅན། ༧ཚེ་དང་བསོད་ནམས་རྒྱས་པར་བྱེད་པའི་ལས་སྦྱོར་གྱི་ཡི་གེ་ལོངས་སྤྱོད་ཐམས་ཅད་ལྷའི་དབང་པོ་དང་མཉམ་མོའི་མཐའ་ཅན། ༧ལ་ཆའི་སྡིག་པར་བརྟེན་ནས་མ་མོ་རང་གི་ལུས་དང་གྲིབ་མ་བཞིན་དུ་འགྲོགས་པའི་རྟེན་གྱི་ཡི་གེ དཔལ་ལྡན་ལྷ་མོའི་སྒོ་ནས་དགྲ་ལ་ལྟས་ངན་དབབ་པའི་ཐབས་བསྟན་པའི་ཡི་གེ་རྫོགས་བྱང་གི་མཐའ་ཅན། ༧དཔལ་ལྡན་ལྷ་མོའི་མངོན་པར་ཤེས་པ་སྒྲུབ་པའི་ལག་ལེན་གནད་དབབ་དང་བཅས་པ་སློབ་དཔོན་ཆེན་པོ་ཞེ་སྡང་རྡོ་རྗེས་མཛད་པ་རྫོགས་སོའི་མཐའ་ཅན།
གོང་མ་འདི་ལ་པྲ་རྟེན་གྱིས་ཁྱེའུ་སོགས་འདུག་པ་འོག་མ་འདིར་ཁྱེའུ་མེད་པའི་མེ་ལོང་སོགས་ལ་བརྟེན་པའི་མོ་ཡིན་པའི་བརྗོད་བྱ་འདུག་པས་གོང་འོག་གི་མིང་ནོར་བ་ཡིན་མིན་སོམ་ཉིར་