R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༤༢༧བ
[A:༤༢༧བ]
སྣང་ངོ་། །
དཔལ་ལྡན་ལྷ་མོའི་སྒོ་ནས་པྲ་དབབ་པ་སྤྱན་འདྲེན་མ་གཅིག་ལྷ་མོ་མ་དང་བཅས་པ། ༧གྲི་སྙིང་སོགས་ལ་བརྟེན་ནས་མངོན་ཤེས་སྒྲུབ་པ།
དཀར་ཆག་ན་འདི་ལོགས་སུ་མེད་ ཞལ་གདམས་དང་བཅས་ཟེར་བའི་ཞལ་གདམས་ཡིན་ནམ་སྙམ། འདི་འཚམས་དཀར་ཆག་དང་གཞུང་པོད་བཅས་པར་རྔོག་ཞེ་སྡང་རྡོ་རྗེས་མཛད་པའི་གཏོར་ཆོག་ཞེས་འདུག །
སྤྱན་འདྲེན་ཐོད་པ་དགུ་བརྩེགས་འཕྲུལ་གཞལ་མ་རྒྱལ་ཚ་རྡོ་རྗེ་སེམས་དཔས་མཛད་པ། མཆོད་འབུལ། ཁྱེད་ལ་གཙང་དམེའི་བསྟོད་པ་མི་མངའ་མ། གཞན་ཡང་མཆོད་འབུལ་མ། གཏོར་སྐོང་བྷནྡྷ་ལྕང་ལོ་མ། ཐུགས་དམ་བསྐང་ཞིང་ཕྲིན་ལས་བསྐུལ་བ། བདག་ནི་རིག་འཛིན་མ། རྫོགས་བྱང་གི་མཐའ་ཅན། གཏོར་བཤགས་དཔལ་ལྡན་མ། གཏོར་བཤགས་ཟློག་སྒྱུར་དང་བཅས་པ། རྡོ་རྗེ་གར་དབང་མ། བརྟན་མ་སྐྱོང་བ་བཀའ་ཡི་ཚོགས་བཅས་མ་རྣམས། དུད་སོལ་གཏོར་ཆོག་གི་ལྷན་ཐབས་ཉེར་བར་མཁོ་བ། བསྟོད་སྙིང་སེམས་ཉིད་ཕྲིན་ལས་མ།
ཞབས་བཏགས་མར་ཡོད།
ལྷའི་དབང་པོ་བརྒྱ་བྱིན་གྱིས་དགེ་བ་བཅུའི་སྒོ་ནས་བསྟོད་པ་སྔོན་འདས་བསྐལ་པ་མ།
ཚིགས་ཟུར་ཙམ་མ་གཏོགས་རགས་རིམ་ཞུ་དག་ཕེར་བ་མི་འབར་མར་ཡང་བཞུགས།
༧ཕྱོགས་བཅུའི་ལྷ་མོ་འཁོར་དང་བཅས་པའི་སྒོ་ནས་བསྐུལ་བ།
འདི་མཚམས་དཀར་ཆག་