R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༤༣༤བ
[A:༤༣༤བ]པ་གསང་བའི་ཡང་གསང་རྗེ་ཚར་ཆེན་ཡན་སྙན་བརྒྱུད་འབའ་ཞིག་ཏུ་བཞུགས་པ་ལས། ཚར་ཆེན་གྱིས་ཐོ་ཙམ་མཛད་པར་དབང་ཕྱུག་རབ་བརྟན་གྱིས་ཚིགས་སྣ་ཅུང་ཟད་བསྲིངས་པར། ཁ་བྱང་དུ་རྒྱ་སྐད་ཡོད་པའི་སྟེང་ནས་ལེགས་པར་ནོས་པའི་བརྒྱུད་པ་ནི། ཚར་ཆེན་རྡོ་རྗེ་འཆང་ཡན་ཁྲོ་བཅུ་ལྟར་ལ། དེ་ནས་མཁྱེན་བརྩེའི་དབང་ཕྱུག །བསླབ་གསུམ་པ། དབང་ཕྱུག་རབ་བརྟན། བསོད་ནམས་མཆོག་གྲུབ། བྱམས་པ་ངག་དབང་ལྷུན་གྲུབ། རྨོར་ཆེན། གནས་གསར་བ། མུས་ཆེན་བསོད་ནམས་དཔལ་བཟང་། དགེ་འདུན་བསྟན་འཕེལ། གྲུབ་བརྙེས་ཆོས་ཉིད་ཡེ་ཤེས། ལྔ་རིག་ཀུན་བཀྲས། ངག་དབང་ཀུན་རིན། ངག་དབང་ཀུན་དགའ་རྒྱལ་མཚན། ཐེག་ཆེན་དབང་སྡུད་བཀྲ་ཤིས་རིན་ཆེན། ངག་དབང་འཇིགས་མེད་དབང་རྒྱལ། སྐྱབས་མཆོག་དྲག་ཤུལ་ཕྲིན་ལས་རིན་ཆེན། མཆོག་སྤྲུལ་བྱམས་པ་ཀུན་དགའ་བསྟན་འཛིན། རྗེ་བླ་མ་ངག་དབང་བློ་གྲོས་རིན་ཆེན། དེས་བདག་ལའོ། །ཡང་ན། རྨོར་ཆེན། ཁམས་སྟོན། སངས་རྒྱས་རྒྱ་མཚོ། གནས་གསར་བ་མན་འདྲའོ། ། ༈ རྡོ་རིངས་པ། མཁྱེན་བརྩེ། ཞྭ་ལུ་བ། ངག་དབང་ཆོས་གྲགས་རྣམས་ཀྱི་ཡི་གེ་