R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༤༣༥ན
[A:༤༣༥ན]གུང་བསྒྲིགས་པའི་སྟེང་ནས་སྲུང་འཁོར་རྡོ་རྗེ་བྲག་རྫོང་མ། སྲུང་ཟློག་གསད་གསུམ་གྱི་ཕྱི་ཁྲིད་སྨིན་རྒྱས་ཡོངས་རྫོགས་དང་། ཡང་རྡོ་རིངས་པ་དང་། བུདྡྷ་བའི་ཟིན་བྲིས་རྣམས་ཀྱི་སྟེང་ནས་ནང་ཁྲིད་དྲག་པོ་སྔགས་རྒོད། གསང་ཁྲིད་གཉུག་མ་ཡེ་ཤེས་ཀྱི་རྩལ་འདོན་རྣམས་ཀྱི་ཁྲིད་སྨིན་རྒྱས་ཐོབ་པའི་བརྒྱུད་པ་ནི། འགྲོ་མགོན་ཆོས་རྒྱལ་འཕགས་པ་ཡན་སྔར་དང་འདྲ་ཞིང་། དེ་ནས་མཐུ་ཆེན་ཨ་ནན་ད་པ། བླ་མ་བདག་ཉིད་ཆེན་པོ། མཁས་བཙུན་ནམ་མཁའ་ལེགས་པ། ཆོས་རྗེ་བླ་མ་དམ་པ། དམ་ཆེན་ཀུན་དགའ་རྒྱལ་མཚན། འཇམ་དབྱངས་ནམ་མཁའ་རྒྱལ་མཚན། བདག་ཆེན་རྡོ་རྗེ་འཆང་། རྗེ་ཀུན་སྤངས་ཆེན་པོ། མཁས་གྲུབ་བློ་གསལ་རྒྱ་མཚོ། འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག །བསླབ་གསུམ་པ། དབང་རབ། རིན་ཆེན་བསོད་ནམས་མཆོག་གྲུབ། མཁྱེན་རབ་བྱམས་པ། རྨོར་ཆེན། གནས་གསར་བ། ས་ཆེན་ཀུན་བློ། རིན་ཆེན་རྒྱལ་མཚན། གྲུབ་དབང་ཀུན་དགའ་རབ་རྒྱས། བྱམས་པ་ཤེས་རབ་འོད་ཟེར། རྣམ་འདྲེན་ཀུན་དགའ་རྒྱལ་མཚན། ཐེག་ཆེན་དབང་སྡུད་