[A:༤༣༥བ]བཀྲ་ཤིས་རིན་ཆེན། ཡབ་རྗེ་ངག་དབང་འཇིགས་མེད་དབང་རྒྱལ། རྣམ་འདྲེན་ཕྲིན་ལས་རིན་ཆེན། མཆོག་སྤྲུལ་ཀུན་དགའ་བསྟན་འཛིན། རྗེ་བླ་མ་ངག་དབང་བློ་གྲོས་རིན་ཆེན། དེས་བདག་ལའོ། །
ཡང་ན། མཁྱེན་བརྩེའི་དབང་ཕྱུག་ནས། རྗེ་ཏ་ར་བ་བསོད་ནམས་ཆོས་འཕེལ། མཁན་ཆེན་ངག་དབང་ཆོས་གྲགས། བྱམས་པ་ངག་དབང་བསོད་ནམས་རྒྱལ་མཚན། བསྟན་པ་རབ་རྒྱས། སྤྲོ་ལུང་པ་མང་ཐོས་བསོད་ནམས་ཆོས་འཕེལ། དྲག་རྩལ་བ་བློ་གསལ་བསྟན་འཛིན་རྒྱ་མཚོ། ས་ཆེན་ཀུན་བློ་མན་འདྲའོ། །
༈ ཡང་ཀུན་གྱིས་སྤྱོད་ཡུལ་མ་ཡིན་པ་གསང་བ་ལས་ཀྱང་ཆེས་གསང་བ། དཔལ་རྡོ་རྗེ་ནག་པོ་ལྕམ་དྲལ་ལྷ་དགུ་རྩ་གསུམ་འཁོར་ལོ་ལྔ་ལ་བརྟེན་ནས་སྒྲུབ་པའི་གསང་ཁྲིད་ཐུན་མོང་མ་ཡིན་པ་སྙིང་ནང་གི་ཁྲག་ལྟ་བུ་ཞལ་ཤེས་སྙན་རྒྱུད་ཀྱི་ཁྲིད་ཐོབ་པའི་བརྒྱུད་པ་ནི། གནས་གསར་བ་ཡན་གོང་ལྟར་ལ། དེ་ནས་མུས་ཆེན་བསོད་ནམས་དཔལ་བཟང་། དགེ་འདུན་བསྟན་འཕེལ། གྲུབ་བརྙེས་ཆོས་ཉིད་ཡེ་ཤེས། ལྔ་རིག་ཀུན་དགའ་བཀྲ་ཤིས། ས་སྐྱ་པ་ཀུན་དགའ་རིན་ཆེན། ས་སྐྱ་པ་