R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༤༣༦ན
[A:༤༣༦ན]ཀུན་དགའ་རྒྱལ་མཚན། ཐེག་ཆེན་བཀྲ་ཤིས་རིན་ཆེན། ངག་དབང་འཇིགས་མེད་དབང་རྒྱལ། གདོད་མའི་མགོན་པོ་ཕྲིན་ལས་རིན་ཆེན། བྱམས་པ་ཀུན་དགའ་བསྟན་འཛིན། རྡོ་རྗེ་འཆང་ངག་དབང་བློ་གྲོས་རིན་ཆེན། དེ་ལས་སོ། ། ༈ ཚར་ཆེན་གྱིས་མཛད་པའི་རྒྱུན་གྱི་ཉམས་ལེན་དང་། ནང་འཁོར་ལོ་ལྔ་ལ་བརྟེན་པའི་ལས་སྦྱོར་གྱི་ཁྲིད་རྗེ་མཁྱེན་བརྩེས་མཛད་པའི་སྟེང་ནས་མཛད་ཅིང་། ཚེ་སྒྲུབ་ཀྱི་བརྒྱུད་པ་ནི། ཆོས་རྗེ་བླ་མ་དམ་པ་ནས། དཔལ་ལྡན་ཚུལ་ཁྲིམས། ངོར་ཆེན། རྗེ་བསོད་ནམས་དབང་ཕྱུག །རྡོ་རིངས་པ། ཚར་ཆེན་མན་འདྲའོ། །ཡང་ཁྲིད་ཡོངས་རྫོགས་ཀྱི་བརྒྱུད་ལུགས་གཅིག་ལ། ཚར་ཆེན་ཡབ་སྲས་གཉིས་ནས། སྔགས་འཆང་སངས་རྒྱས་རིན་ཆེན། མཁྱེན་རབ་བསྟན་འཛིན་བཟང་པོ། མཁྱེན་རབ་བྱམས་པ། རྨོར་ཆེན་མན་འདྲའོ། ། ༈ ཕྱིའི་ལས་མཁན་གཅེར་བུ་ཟངས་གྲི་ཅན་གྱི་རྗེས་གནང་རྡོ་རིངས་པའི་གཏོར་ཆོག་དང་། ཚར་ཆེན་གྱི་ཡིག་སྟེང་ནས་ལེགས་པར་ནོས་པའི་བརྒྱུད་པ་ནི། འཕགས་པ་རིན་པོ་ཆེ་ཡན་ཞལ་ངོ་ནང་བརྒྱུད་ལྟར་ལ། དེ་ནས་དོ་པ་སྟོན་ཚུལ།