R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༤༤༠བ
[A:༤༤༠བ]རིན་ཆེན་ནས། བསྟན་འཛིན་སྙན་གྲགས། བླ་མ་ངག་དབང་ཀླུ་སྒྲུབ། སློབ་དཔོན་ཆོས་ཉིད་ཡེ་ཤེས། མཆོག་སྤྲུལ་བྱམས་པ་ཀུན་བསྟན། རྗེ་བླ་མ་ངག་དབང་བློ་གྲོས་རིན་ཆེན། དེས་བདག་འཁོན་རིགས་པ་ལ་དགྱེས་བཞིན་གནང་བའོ། །
(ཀ)
(ང)
བསྟན་པའི་མངའ་བདག་རྗེ་བཙུན་ས་སྐྱ་པ་ཡབ་སྲས་ལ་བཀའ་བབས་བསྟན་པ་སྲུང་བའི་མཚོན་ཚར་མགོན་པོ་ཆེ་ཆུང་གཉིས་སུ་ཕྱེ་བའི་ཆུང་བར་གྲགས་པ་ཤིན་ཏུ་རྩུབ་འགྱུར་ཆེ་ཞིང་གཉན་པས་བཀའ་དམ་པར་མཛད། ཁྱད་པར་སྦས་པའི་མགོན་པོ་ལ་རིགས་མང་དུ་ཡོད་པའི་ནང་ནས་སྦས་པའི་མགོན་པོ་དམ་ཚིག་གི་མགོན་པོ་ཡིན་པས་ཞལ་བཞི་ཡོངས་རྫོགས་ཀྱི་སྐུ་གཟུགས་བྲིས་འབུར་སོགས་ཀྱང་མི་བཞེད་ཅིང་། རེ་གཉིས་འབྱུང་ཡང་ཁྱབ་གདལ་ཡེ་མི་སྟོན་པ་གནད་ཀྱི་གདམས་པ་ཡིན་གྱི། དེང་སང་འདིའི་སྐུ་བྲི་བ་དང་། སྟོན་པ་སོགས་བདག་མེད་བྱེད་པ་རྣམས་ནི་གནད་འདི་དག་རྣམས་མ་ཐོས་ཤིང་རྩུབ་འགྱུར་མི་འབྱུང་བ་སོགས་ཆོས་སྐྱོང་ཡེ་མི་འཁོར་བའི་རྟགས་སོ། ། དེས་ན་དམ་ཚིག་ཆེ་ཕྲ་ཀུན་ལ་གཅེས་པར་མཛད་པའི་སྒོ་ནས་སྨིན་གྲོལ་གདམས་པའི་གནད་མཐའ་དག་མ་ཉམས་པ་སྙན་བརྒྱུད་
(མ་ཚང་ངམ་སྙམ་)