R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༤༤༧བ
[A:༤༤༧བ]པ་འབྱུང་བས་ལྷ་འདོད་ཡོན་ལ་ལོངས་སྤྱོད་པ་ལྟ་བུའི་སྙན་བརྒྱུད་དང་པོར་བྱས་ཏེ། གཉིས་པ་བྱིན་རླབས་ཆུ་བོ་གངྒཱའི་རྒྱུན་ལྟ་བུ། གསུམ་པ་གདམས་ངག་གསེར་འགྱུར་གྱི་རྩི་ལྟ་བུ། བཞི་པ་ཆོས་ལ་ཡིད་ཆེས་ཀྱི་མོས་གུས་རྙེད་པ་གཞོན་ནུའི་དགའ་བ་ལྟ་བུའི་གོ་རིམ་སྟེ། དེ་ཡང་བཤད་ཚུལ་གཉིས་པོ་གང་བྱས་ཀྱང་གོ་རིམ་ཙམ་ལས་དོན་ལ་ཁྱད་མེད་ནའང་། ཕྱི་མའི་རྗེས་སུ་འབྲངས་ཏེ་སྙན་བརྒྱུད་དང་པོའི་རྟེན་འབྲེལ་འགྲིགས་པ་སྔོན་དུ་འགྲོ་བ་ནས། སྙན་བརྒྱུད་གཉིས་པར་རྗེས་གནང་དང་། གསུམ་པར་གདམས་པའི་དངོས་གཞི་ལས། དང་པོ་རྗེས་གནང་ལ། སྔགས་འཆང་ཆེན་པོའི་ཞལ་བཞི་པའི་རྗེས་གནང་ཡི་གེའི་སྟེང་ནས་བསྙེན་དུས་ཐུན་མོང་བ་
(༡)
དང་། གཉན་ལོའི་གནད་ཡིག་དང་། དགའ་ལྡན་ཀུན་བསོད་ཀྱི་ཡི་གེ་དང་། ཚར་ཆེན་ཆོས་ཀྱི་རྒྱལ་པོས་མཛད་པའི་རྗེས་གནང་དངོས་གྲུབ་རྒྱ་མཚོ་དང་། བརྒྱུད་པའི་ཕྱག་ལེན་ལ་བརྟེན་ནས་བསྙེན་དུས་ཀྱི་མགོན་པོའི་རྗེས་
(༢)
གནང་། ཕོ་ཉ་མྱུར་མགྱོགས་དང་རྗེས་གནང་གི་ཡི་གེ་གོང་མ་རྣམས་ལ་བརྟེན་ནས་སྒྲུབ་དུས་ཐུན་མོང་བའི་རྗེས་
(༣)
གནང་། ཡི་གེ་དེ་ཉིད་དང་རྡོ་རྗེ་འཆང་ཚར་པ་ཆོས་རྗེས་མཛད་པའི་བཀའ་བརྒྱ་མ་ལ་སོགས་པ་ལ་བརྟེན་ནས་