R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༤༤༨ན
[A:༤༤༨ན]སྒྲུབ་དུས་ཀྱི་རྗེས་གནང་ཐུན་མོང་མ་ཡིན་
(༤)
པ། རྗེས་གནང་གི་ཡི་གེ་གོང་མ་དང་། མཐོང་བརྒྱུད་ཀྱི་ཕྱག་ལེན་དབྲི་བསྣོན་ལྟར་ལས་སྦྱོར་གྱི་མགོན་པོ་པཎྜི་ཏ་འབུམ་ཕྲག་གསུམ་པའི་ལུགས་ཀྱི་དཔལ་མགོན་གདོང་བསྙེན་ཅན་དུ་གྲགས་པའི་རྗེས་
(༥)
གནང་དངོས་གྲུབ་རྒྱ་མཚོ་དང་། གསང་བ་ཐུན་མོང་མ་ཡིན་པའི་རྗེས་གནང་གི་ཡི་གེ་དང་ཕྱག་ལེན་གསུང་བརྒྱུད་ལྟར་གསང་ཁྲིད་ཀྱི་རྗེས་
(༦)
གནང་། ལས་བཞིའི་རྗེས་གནང་ལ། མཁན་ཆེན་ངག་དབང་ཆོས་གྲགས་ཀྱིས་མཛད་པའི་ཡི་གེ །འཇམ་དབྱངས་མཁྱེན་བརྩེས་མཛད་པའི་ཡི་གེ་ལ་བརྟེན་ནས་དཀར་པོ་ཚེ་འཕེལ་ཐུན་མོང་མ་ཡིན་པའི་རྗེས་
(༧)
གནང་། དཀར་ཆག་ན་བཞུགས་པའི་ལས་བཞིའི་མངོན་རྟོགས་རྗེས་གནང་གི་ཡིག་ཆུང་དངོས་གྲུབ་རྒྱ་མཚོ་དང་། གསུངས་རྒྱུན་ཕྱག་ལེན་ལྟར་གཡས་ཞལ་དཀར་པོ་ལས་བྱུང་བའི་དཀར་པོ་ཚེ་འཕེལ་ཐུན་མོང་གི་རྗེས་གནང་། སྟེང་ཞལ་དུད་ཁ་ལས་བྱུང་སེར་པོ་རྒྱས་བྱེད་ལྷ་དགུའི་རྗེས་
(༩)
གནང་། སེར་པོ་རྒྱས་བྱེད་ལྷ་ལྔའི་རྗེས་
(༡༠)
གནང་། གཡོན་ཞལ་དམར་པོ་ལས་བྱུང་བའི་དམར་པོ་དབང་སྡུད་ཀྱི་རྗེས་
(༡༡)
གནང་། རྩ་ཞལ་མཐིང་