R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༤༤༨བ
[A:༤༤༨བ]ནག་ལས་བྱུང་བའི་དགྲ་བགེགས་སྒྲོལ་བའི་རྗེས་གནང་དངོས་གྲུབ་རྒྱ་མཚོའི་ཡི་གེ་དང་། མཐོང་བརྒྱུད་ཀྱི་ཕྱག་ལེན་ཕྲི་བསྣོན་ལ་བརྟེན་ནས་ཤི་ས་བསྟན་པའི་རྗེས་གནང་། ཡིག་ཆ་དངོས་གཞི་ཚར་ཆེན་གྱི་ཟིན་ཐོ་ལ་བརྟེན་ནས་གནད་དབབ་ཀྱི་མགོན་པོ་ནང་གཤིན་རྗེ་ལྟར་སྒྲུབ་པའི་རྗེས་གནང་། འདི་ལ་གདོང་གས་མ་དང་བརྩེགས་ཞལ་མར་གྲགས། ཐམས་ཅད་མཁྱེན་པ་མཁྱེན་བརྩེའི་ཟིན་ཐོ་ལྟར། ཁྱུང་ཞལ་ཅན་ནམ་དམག་དཔོན་མགོན་པོའི་རྗེས་གནང་།
གྲུབ་ཆེན་ཤོལ་པོ་བ་ནས་བརྒྱུད་པའི་ཆོས་སྐྱོང་སེང་གེ་རྗེ་ནག་པོའི་རྗེས་གནང་། དགེ་སློང་བྷྲེ་བྷ་དྲའི་ཡིག་སྟེང་ནས་བྲམ་ནག་བཤན་པ་དྲུག་སྐོར་གྱི་རྗེས་གནང་།
རྡོ་རྗེ་འཆང་ཚར་པ་ཆོས་རྗེའི་ཟིན་ཐོ་ལ་བརྟེན་ནས་གསུང་ངག་གསེར་ཆོས་སོགས་རྫོགས་མཐར་བསྟན་པ་གཏད་པའི་ཚུལ་གྱི་བྲམ་ཟེ་ནག་པོའི་སྔགས་གཏད་ཀྱི་རྗེས་གནང་བཅས་ལེགས་པར་ནོས་སོ།། །། སྙན་བརྒྱུད་གསུམ་པ་གདམས་ངག་དངོས་ལ། མན་ངག་གསེར་འགྱུར་གྱི་རྩི་ལྟ་བུའི་ཉམས་ཁྲིད་དང་། རྒྱབ་བརྟེན་ལུང་དང་ཕྱག་བཞེས་མན་ངག་དང་བཅས་པ་གཉིས། དང་པོ་ལ། ཐོག་མར་རྡོ་རྗེ་འཆང་ཚར་པ་ཆོས་རྗེས་མཛད་པའི་ཚེ་སྒྲུབ་སྲུང་འཁོར་རྒྱུན་གྱི་ཉམས་ལེན་མར་