R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༤༥༡བ
[A:༤༥༡བ]བསྙེན་པ་དང་ལས་སྦྱོར་སྟོན་པ་ཟླ་བ་གཅིག་གིས་ལས་རྣམས་འགྲུབ་བོ། །ཏ་ཐཱ་ག་ཏ་རཀྵི་ཏས་གཉན་ལོ་ལའོའི་མཐའ་ཅན་རྣམས་སོ། །
ཕལ་ཆེར་སྙན་བརྒྱུད་ཀྱི་ཞལ་ཤེས་ལ་རག་ལས་ཞེས་དཀར་ཆག་ན་སྣང་བས་ཡི་གེ་འདི་ལས་མང་བ་ཞིག་ཐོག་མ་ནས་མེད་ཚོད་འདུག །
༈ གསུམ་པ་ཁརྶ་པཱཎི་ས་རི་སུལ་གྱི་རྣལ་འབྱོར་མ་ཀུ་སཱ་ལི་ཆེན་མོ་ལས་བརྒྱུད་པ་ལ། ཟབ་ཅིང་རྒྱ་ཆེ་བའི་ཕྱིའི་སྒྲུབ་སྐོར། རྡོ་རྗེའི་ལུས་ལ་གནད་དུ་བསྣུན་པ་གསང་བའམ་ནང་གི་མན་ངག །སྙིང་ནང་གི་ཁྲག་ལྟ་བུ་ཁྱད་པར་གྱི་མན་ངག་དང་གསུམ། དང་པོ་ལ། ཡིད་ཆེས་ཤིང་ཁུངས་བཙུན་པ་ལོ་རྒྱུས་ཀྱི་ཡི་གེ་ནུས་ལྡན་དུ་བྱ་བ་རྗེས་གནང་གི་ཡི་གེ །རྩ་བར་གྱུར་པ་བསྙེན་སྒྲུབ་ལས་གསུམ་གྱི་ཡི་གེ །གསལ་བྱེད་དུ་གྱུར་པ་ལྷན་ཐབས་སམ་ཡན་ལག་གི་ཡི་གེ །འཕྲལ་དུ་ཉེ་བར་མཁོ་བ་གཏོར་ཆོག་དང་སྐོང་བ་བསྟོད་བསྐུལ་གྱི་ཡི་གེ་དང་ལྔ། དང་པོ་ལ། མགོར། ན་མོ་གུ་རུ། མན་ངག་འདིའི་བརྒྱུད་པའི་ལོ་རྒྱུས་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་རྡོ་རྗེ་འཆང་ཞེས་ཡོད་པའི་ལོ་རྒྱུས་ཀྱི་ཡི་གེ་ས་ཆེན་གྱི་མཛད་པ། བོན་པོ་ཕོ་མོ་འདྲེས་པ་ལྔ་བཅུ་ཙམ་ཆོས་སྐྱོང་གི་ནུས་པས་བསད་ཟེར་རོའི་མཐའ་ཅན།
འདིའི་ནང་དུ་ཁའུ་པར་རྗེ་བཙུན་ས་སྐྱ་པས་