R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༤༧༣བ
[A:༤༧༣བ]
དགོས་སོ། །
དཀར་ཆག་ན། རང་སྲུང་འཁོར་ལོ་ཆེ་ཆུང་གསུམ་གསུངས་པའི་ཆུང་བ་ཤོག་དྲིལ་ཉེར་གཅིག་གི་འཁུ་ལྡོག་སྲུང་བའི་རང་སྲུང་འཁོར་ལོ་གྲི་ཐོད་མའམ་སྐུ་གསུང་ཐུགས་འཁོར་དུ་གྲགས་པ།
ཞལ་བཞེས་ཡོངས་སུ་རྫོགས་པའི་རང་སྲུང་ལ་ཟེར།
གཏུམ་པོའི་སྒོ་ནས་མི་མ་ཡིན་དྲག་པོ་སྲུང་བའི་འཁོར་ལོ། འཁོར་སྲུང་བའི་གྲི་གུག་ཅན། ཤོག་དྲིལ་ཉེར་གཅིག་གི་གསང་བ་རང་སྲོག །རྟེན་གྱི་འཁོར་ལོ་རྩིབས་དྲུག་ཁ་སྦྱོར་ལུས་དང་གྲིབ་མ་བཞིན་འགྲོགས་པ། ཡི་གེ་རྙིང་པ་ལས་བྱུང་བའི་བསད་པའི་འཁོར་ལོ་ལིང་ཚེ་ཉི་ཤུ་པ་དང་། བཅོ་ལྔ་པ། དམར་གྱི་བཞད་པ་གཅིག་ལིང་ཚེ་བཅོ་ལྔ་པ་དང་། ཉི་ཤུ་པ། ལིང་ག་འཁོར་ལོ་ཅན། ལིང་ག་ལིང་ཚེ་ཅན། འཁོར་ལོ་ཡོད་མེད་གཉིས། ཆོས་རྗེ་ས་པཎ་ལ་མགོན་པོ་ཉིད་ཀྱིས་གདམས་པའི་ལིང་ཚེ་ཉི་ཤུ་པ་དང་། བཅོ་ལྔ་པ། དེའི་བཞེད་པའི་རང་སྲུང་འཁོར་ལོ་ལིང་ཚེ་ཉི་ཤུ་པ་དང་། བཅོ་ལྔ་པ། དེའི་བཞེད་པའི་ལིངྒ་འཁོར་ལོ་ཅན་གཉིས། དེའི་བཞེད་པའི་ལིང་ཚེ་རྐྱང་པ་གཉིས། དེའི་བཞེད་པའི་ལིང་ག་ལི་ཚེ་ཅན་གཉིས། གཞན་ཡང་གོང་དང་ཅུང་ཟད་མི་འདྲ་བའི་ལིང་ཚེ་ཉི་ཤུ་པ་གཏོར་མ་ལ་འཇུག་རྒྱུའི་འཁོར་ལོ་རྩིབས་དྲུག་པ། ལིངྒ་སྔགས་རྒོད་ལུགས་མི་འདྲ་བ་གཉིས་དང་སྔགས་མེད་གཅིག །