R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༤༧༤ན
[A:༤༧༤ན]རྡོ་ནག་མཎྜལ་མཆོད་གཏོར་དང་བཅས་པའི་གཤོམ། ཕྱག་མཚན། ལས་ཁུང་། རྡོ་ཟོར། རྭ་ཟོར། མདའ་ཟོར། ཐུན་ཁུང་། རློན་ཐུན། སྦྱིན་སྲེག་གི་ཐབ་ཁུང་མི་འདྲ་བ་གཉིས། རྫའི་ཨནྡྷ་མུ་ཤ། ལ་ཆའི་ཨནྡྷ་མུ་ཤ ། འབྲུ་ནག་གི་སྡིག་པ། སྒབ་འདྲེ་འབྲུག་མགོ་ཅན་གྱི་མནན་འཁོར། མལ་འོག་སྲུང་བའི་ངག་མནན་འཁོར་ལོ། མ་ཧཱ་བ་ལ། དེའི་རྒྱབ་ཡིག །ལིངྒ། རྒྱ་གྲམ། གླང་དམར་གྱི་རྭ། ཚེ་སྒྲུབ་ཀྱི་བཅའ་གཞིའི་མཆོད་རྟེན། ནོར་སྒྲུབ་ཀྱི་བུམ་པ། དབང་སྡུད་གྲི་ལག །ལམ་སྲུང་གི་རྡེའུ་དང་རྡོ་རྗེ་རྒྱ་གྲམ་རྩེ་མོར་ཕྱག་མཚན་དང་བཅས་པ། ཤྭ་བཟློག་ཕུར་ཐོད། བྱ་རོག་བསྐྲད་འཁོར་གྱི་འཁོར་ལོ་ལིང་ག་དང་། བྱ་རོག་གི་གཟུགས། མ་ཆུན་སྤྲེའུའི་འཁོར་ལོ། ལྷ་མོ་ནག་མོའི་དཔེ། མངལ་སྲུང་པདྨའི་ཕོ་འཁོར་མོ་འཁོར། དབང་ཕྱུག་གི་གཟུགས། ནཱ་ག་སྟོབས་འཕྲོག་གི་གཟུགས་དང་ལིངྒ། སཱ་ཙྪ། བུམ་པ། རྒྱ་གྲམ། ཡང་ལིངྒ་འཁོར་ལོ་ཅན་ལུགས་གཅིག །ཀླུ་སྒྲུབ་རྒྱ་གཞུང་གི་ཤམ་བུ་བརྒྱད་པའི་དཀྱིལ་འཁོར་ལིངྒ། ཐུན་སྣོད་དང་བཅས་པ། ནམ་མཁའ། རྒྱང་བུ།