R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༤༨༨བ
[A:༤༨༨བ]
ས་ཆེན་ཀུན་བློའི་གསན་ཡིག་ན་བར་འདིར་པད་རབ་ཅེས་པ་ཞིག་སྣང་།
བྱ་བྲལ་བ་སངས་རྒྱས་བསྟན་པ། ཁམས་སྟོན་སངས་རྒྱས་རྒྱ་མཚོ། འཇམ་མགོན་གནས་གསར་བ། ས་ཆེན་ཀུན་བློ། གྲུབ་དབང་རིན་ཆེན་རྒྱལ་མཚན། གྲུབ་བརྙེས་བྱམས་པ་བསྟན་འཛིན། ལྔ་རིག་ཀུན་དགའ་བཀྲ་ཤིས། ཡབ་རྗེ་ཀུན་དགའ་རིན་ཆེན་མན་འདྲ། ཡང་ན། རྡོ་རྗེ་འཆང་དབང་རབ་ནས། ཨ་མེས་ཞབས། བྱམས་པ་ངག་དབང་རྣམ་རྒྱལ་མན་འདྲ། ཡང་ན། བྱམས་པ་ངག་རྣམ་ནས། མུས་ཆེན་བཀྲ་ཤིས་ལྷུན་གྲུབ། མཁན་ཆེན་བཟང་པོ་རྒྱལ་མཚན་མན་འདྲ། ཡང་ན། མགོན་པོ་བསོད་ནམས་མཆོག་ལྡན། རིན་ཆེན་རྒྱ་མཚོ། བཀའ་བཙུན་རྣམ་རྒྱལ། རྨོར་ཆེན་ཀུན་དགའ་ལྷུན་གྲུབ་མན་གོང་བཞིན་ནོ། རྗེས་གནང་བསྙེན་དུས་དང་། སྒྲུབ་དུས་ཁེ་རྐྱང་གི་བརྒྱུད་པ་ལུགས་གཅིག་ནི། རྗེ་ས་པཎ་ནས། ནུབ་པ་རིག་འཛིན་གྲགས། ཤར་པ་ཤེས་རབ་འབྱུང་གནས། ཤར་པ་རྡོ་རྗེ་འོད་ཟེར། ཤར་པ་ཡེ་ཤེས་རྒྱལ་མཚན། གུང་རུ་དཀོན་མཆོག་རྒྱལ་མཚན། བག་སྟོན་གཞོན་ནུ་ཚུལ་ཁྲིམས། བླ་མ་རྡོ་རྗེ་སེང་གེ །མཁན་ཆེན་བཀའ་བཅུ་པ། ཆོས་