R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༤༨༩ན
[A:༤༨༩ན]རྗེ་པཎྜི་ཏ། རྩེས་དང་དགེ་འཕེལ་བ་བསོད་ནམས་བློ་གྲོས། རྡོ་རིངས་པ། དེ་ལས་རྗེ་བཙུན་སྒོ་རུམ་པ་དང་། ཚར་ཆེན་གཉིས་ཀྱིས་གསན། གཉིས་ཀ་ལས་མཁྱེན་བརྩེས་གསན་པ་མན་སྔར་ལྟར་རོ། །ཡང་ན། ཞང་དཀོན་མཆོག་དཔལ་ནས། དགོན་པ་བསོད་ནམས་འབུམ། བག་སྟོན་གཞོན་ཚུལ་མན་འདྲ། ཡང་ན། བླ་མ་དམ་པ་ནས། བདག་ཆེན་ཀུན་དགའ་རིན་ཆེན་རྒྱལ་མཚན། བདག་པོ་བླ་མ། ཆོས་རྗེ་པཎྜི་ཏ་མན་འདྲ། ཡང་ན། བླ་མ་དམ་པ་ནས། གུང་ཐང་པ་སེངྒེ་དཔལ་ལྡན་འོད་མཛེས་བཟང་པོ། བླ་མ་པཎྜི་ཏ་མན་འདྲ། ཡང་ན། བཞི་ཐོག་པ་ཀུན་དགའ་རིན་ཆེན་ནས། བཞི་ཐོག་པ་བློ་གྲོས་རྒྱལ་མཚན། ཆོས་རྗེ་དགེ་བ་རྒྱལ་མཚན། གྲྭ་ཐང་པ་ཤེས་རབ་ཟླ་བའི་དབང་པོ། རྗེ་བཙུན་རྡོ་རིངས་པ་མན་སྔར་དང་འདྲ། ཡང་ན། བདག་ཆེན་ཞྭ་ལུ་བ་ནས། ཆོས་རྗེ་རྒྱལ་མཚན་དཔལ་བཟང་། བྱས་འགྱུར་བ་བསོད་ནམས་སེང་གེ །རྡོ་རིངས་པ་མན་འདྲ། ཡང་ན། ཆོས་རྗེ་བླ་མ་དམ་པ་ཡན་གོང་ལྟར་ལ། དེ་ནས་རི་ཁྲོད་པ་བློ་གྲོས་བརྟན་པ། དེ་གཉིས་ཀ་ལས་ཆོས་རྗེ་