R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༤༨༩བ
[A:༤༨༩བ]དཔལ་ལྡན་ཚུལ་ཁྲིམས། ཤར་ཆེན་ཡེ་ཤེས་རྒྱལ་མཚན། རྡོ་རྗེ་འཆང་ཀུན་དགའ་བཟང་པོ། མཁས་གྲུབ་དཔལ་ལྡན་རྡོ་རྗེ། བྱས་འགྱུར་བ་བསོད་ནམས་སེང་གེ་མན་འདྲ། ཡང་ན། ངོར་ཆེན་ནས། རྗེ་བསོད་ནམས་དབང་ཕྱུག་དང་། རྒྱལ་ཚབ་ཀུན་དགའ་དབང་ཕྱུག །རྗེ་བསོད་ནམས་སེང་གེ །གུང་རུ་ཤེས་རབ་བཟང་པོ་དང་བཞིས་གསན། དེ་བཞི་ག་ལས་རྗེ་བཙུན་རྡོ་རིངས་པ་ཆེན་པོས་གསན་པ་མན་འདྲ། ཡང་ན། རྡོ་རྗེ་འཆང་ཚར་པ་ཆོས་རྗེ་ནས། འཇམ་མགོན་མཁྱེན་བརྩེའི་དབང་ཕྱུག །ཡབ་སྲས་གཉིས་ཀ་ལས་མཁན་ཆེན་བསླབ་གསུམ་རྒྱལ་མཚན། སྔགས་འཆང་བསོད་ནམས་ཆོས་འཕེལ་གཉིས་ཀྱིས་གསན། ཡབ་སྲས་བཞི་ག་ལས་རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན་གྱིས་གསན་པ་མན་འདྲའོ། ། ༈ སྒྲུབ་དུས་ཀྱི་མགོན་པོའི་རྗེས་གནང་ཐུན་མོང་དང་ཐུན་མོང་མ་ཡིན་པ་དང་། ཏ་ཐྭ་ག་ཏ་རཀྵིཏ་ནས་བརྒྱུད་པའི་སྒྲུབ་སྐོར་དང་། དཀར་ཆག་གིས་མ་ཟིན་པའི་ས་བཅད་དང་པོའི་ཏའི་རྟགས་ཅན་གྱི་ལུང་དང་བཅས་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། འཕགས་པ་ཀླུ་སྒྲུབ། བ་ལིངྟ་པ། སངས་རྒྱས་ཡེ་ཤེས་ཞབས། མར་མེ་མཛད། དཔལ་བདེ་