R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༤༩༠ན
[A:༤༩༠ན]བ། བི་མ་ལ་གུཔྟ། རིན་ཆེན་རྡོ་རྗེ། རིན་ཆེན་གྲགས་པ། པཎྜི་ཏ་ཏ་ཐཱ་ག་ཏ་རཀྵི་ཏ། གཉན་ལོ་མན་གདུང་བརྒྱུད་བརྒྱུད་པ་དང་། རྣལ་འབྱོར་དབང་ཕྱུག་ཡར་ཀླུང་པ་ནས་བརྒྱུད་པ་གཉིས། སྔགས་འཆང་བསོད་ནམས་ཆོས་འཕེལ་དང་། སངས་རྒྱས་རྒྱ་མཚོའི་བརྒྱུད་པར་བཞུགས་པ་ལྟར་རོ། ། ༈ སྒྲུབ་དུས་ཀྱི་མགོན་པོ་ཐུན་མོང་མ་ཡིན་པའི་རྗེས་གནང་གི་བརྒྱུད་ལུགས་གཅིག་ནི། འཕགས་པ་རིན་པོ་ཆེ། དམ་པ་ཀུན་དགའ་གྲགས། བླ་མ་བདག་ཉིད་ཆེན་པོ། ཆོས་རྗེ་བླ་མ་དམ་པ་མན་འདྲ།
བརྒྱུད་ལུགས་འདི་ལོ་པ་སྤྱན་སྔའི་དེར་ཡོད་པར་གྲགས།
ཡང་ན། བླ་མ་དམ་པ་ནས། བཞི་ཐོག་བདག་ཆེན་ཀུན་དགའ་རིན་ཆེན། བཞི་ཐོག་པ་བློ་གྲོས་རྒྱལ་མཚན། རིག་པའི་དབང་ཕྱུག་དགེ་བ་རྒྱལ་མཚན། མཚུངས་མེད་གྲྭ་ཐང་པ་ཤེས་རབ་ཟླ་བ། རྗེ་བཙུན་རྡོ་རིངས་པ་མན་འདྲ། ། ༈ ཡང་སྒྲུབ་དུས་མགོན་པོའི་རྗེས་གནང་ཐུན་མོང་བའི་བརྒྱུད་ལུགས་གཅིག་ནི། རྡོ་རྗེ་འཆང་དབང་རབ་ནས། མཁན་ཆེན་ཞྭ་ལུ་བ་མན་འདྲའོ། །ཡང་ན། ཚར་ཆེན་ནས། བོད་མཁར་བ་མཻཏྲི་དོན་གྲུབ་རྒྱལ་མཚན། སྤྱན་སྔ་མི་ཕམ་རྒྱ་མཚོ།