R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༤༩༠བ
[A:༤༩༠བ]སྐྱིད་ཚལ་མཁན་ཆེན་ཐར་པ་བཟང་པོ། ཞྭ་ལུ་པ་ཆེན་པོ་མན་འདྲའོ། ། ༈ སྒྲུབ་དུས་དམ་ཅན་རྒྱ་མཚོས་བསྐོར་བའི་རྗེས་གནང་གི་བརྒྱུད་པ་ནི། འཕགས་པ་རིན་པོ་ཆེ་ནས། ཚོགས་སྒོམ་ཀུན་དགའ་དཔལ། ཉན་ཆེན་བསོད་ནམས་བརྟན་པ། རྗེ་བྲག་ཕུག་པ། ཆོས་
འདི་སྒྲུབ་དུས་ཐུན་མོང་བ་གོང་དཀར་ལུགས་ཡིན།
རྗེ་བླ་མ་དམ་པ། བཞི་ཐོག་པ་ཀུན་དགའ་རིན་ཆེན། བདག་ཆེན་གྲགས་པ་བློ་གྲོས། མཁན་ཆེན་སེང་གེ་དཔལ་བ། བྲག་ཐོག་པ་བསོད་ནམས་བཟང་པོ། རྗེ་བཙུན་ཀུན་དགའ་རྣམས་རྒྱལ། རྒྱ་སྟོན་བྱང་ཆུབ་དབང་རྒྱལ། ཡངས་ཅན་ཤཱཀྱ་ཀུན་དགའ། ཀུན་བཟང་རྩེ་པ་དབང་ཕྱུག་རྒྱལ་མཚན། བསོད་ནམས་མཆོག་ལྡན། ཁྱབ་བདག་ཞྭ་ལུ་བ་མན་འདྲ། ༈ སྒྲུབ་དུས་ཐུན་མོང་མ་ཡིན་པའི་རྗེས་གནང་གི་བརྒྱུད་ལུགས་གཅིག་ལ། བདག་ཉིད་ཆེན་པོ་ནས། མཁས་བཙུན་ནམ་མཁའ་ལེགས་པ། བླ་མ་དམ་པ། སྔགས་འཆང་གཟུངས་དཔལ། ཆོས་རྗེ་བཟང་པོ་རྒྱལ་མཚན། ཆོས་རྗེ་རྒྱལ་མཚན་དཀོན་མཆོག །ཆོས་རྗེ་ཨིནྡྲ་པ། བྱམས་པ་རྡོ་རྗེ་རྒྱལ་མཚན། བླ་མ་ཤེས་རབ་རིན་ཆེན། ཚར་ཆེན། རྗེ་ཚེ་དབང་བཀྲ་ཤིས།