R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༤༩༡ན
[A:༤༩༡ན]བླ་མ་རྣམ་རྒྱལ་བཀྲ་ཤིས། ཆོས་རྗེ་ལྷ་དབང་ཕྲིན་ལས། རྗེ་བཙུན་ཉི་མ་གླིང་པ། རིན་ཆེན་རྒྱ་མཚོ། རྗེ་མང་ཐོས་རྒྱ་མཚོ་མན་བསྙེན་དུས་གོང་དཀར་ལུགས་བཞིན་ནོ། ། ༈ ཚར་ཆེན་གྱིས་མཛད་པའི་རྗེས་གནང་གི་ཡི་གེ་བཀའ་རྒྱ་མ་ལ་བརྟེན་ནས་མཐོང་བརྒྱུད་ཀྱི་ཕྱག་བཞེས་དབྲི་བསྣོན་དང་བཅས་པའི་སྒོ་ནས་ལས་སྦྱོར་གྱི་མགོན་པོ་གདོང་བརྙན་ཅན་གྱི་རྗེས་གནང་གི་བརྒྱུད་པ་ནི། རྡོ་རྗེ་འཆང་། ནཱ་ག་རྫུན། བ་ལནྟི་པ། སངས་རྒྱས་ཡེ་ཤེས་ཞབས། མར་མེ་མཛད་བཟང་པོ། དཔལ་བདེ་བའི་ཞབས། བི་མ་ལ་གུཔྟ། རིན་ཆེན་རྡོ་རྗེ། རིན་ཆེན་གྲགས་པ། འབུམ་ཕྲག་གསུམ་པ། གཉན་ལོ་ཙཱ་བ། གནམ་ཁའུ་པ། དཔལ་ས་སྐྱ་པ་རྗེ་བཙུན་གོང་མ་ལྔ། ཞང་དཀོན་མཆོག་དཔལ། གྲུབ་ཆེན་བྲག་ཕུག་པ། ཆོས་རྗེ་བསོད་ནམས་རྒྱལ་མཚན། ཡར་ཀླུང་པ་སེང་གེ་རྒྱལ་མཚན། འཇམ་དབྱངས་བསོད་ནམས་རྒྱལ་མཆོག །བདག་ཆེན་འཇམ་དབྱངས་ཆོས་རྗེ་ནམ་མཁའ་རྒྱལ་མཚན། བདག་ཆེན་བློ་གྲོས་རྒྱལ་མཚན། རྗེ་བཙུན་རྡོ་རིངས་པ། ཚར་ཆེན་