R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༤༩༡བ
[A:༤༩༡བ]ཆོས་ཀྱི་རྒྱལ་པོ། བོད་མཁར་བ་མཻཏྲི་དོན་གྲུབ་རྒྱལ་མཚན། སྤྱན་སྔ་མི་ཕམ་ཆོས་ཀྱི་རྒྱ་མཚོ། དབང་ཕྱུག་རབ་བརྟན། ཞྭ་ལུ་བ་མན་འདྲ། ཡང་ན། འཕགས་པ་རིན་པོ་ཆེ་ཡན་གོང་ལྟར་ལ། དེ་ནས་ལོ་ཙཱ་བ་མཆོག་ལྡན། དཔལ་ལྡན་སེང་གེ །དྷརྨ་ཀཱིརྟི། ཆོས་རྗེ་བློ་བཟང་བ། ཉ་དབོན་ཀུན་དགའ་དཔལ། ལུང་རིགས་རྒྱ་མཚོ། སེང་གེ་དཔལ་བཟང་། བྲག་ཐོག་པ། མཐུ་ཆེན་འཇིགས་མེད་དཔའ་བོ། མུས་ཆེན་རྣམ་རྒྱལ་དཔལ་བཟང་། ཐུགས་སྲས་ཀུན་དགའ་རྒྱལ་པོ། འབྲས་སྤུངས་པ་ཚེ་དབང་བཀྲ་ཤིས། རྡོ་རྗེ་འཆང་ཚར་པ་ཆོས་རྗེ་མན་འདྲ། ཡང་ན། འབྲས་སྤུངས་པ་ཚེ་དབང་བཀྲ་ཤིས་ནས། མཁས་གྲུབ་རྣམ་རྒྱལ་རིན་ཆེན། རྒྱ་སྟོན་བྱང་ཆུབ་དབང་རྒྱལ། ཡོངས་འཛིན་ཤཱཀྱ་ཀུན་དགའ། རྗེ་དབང་ཕྱུག་རྒྱལ་མཚན། ཉི་མ་གླིང་པ། རིན་ཆེན་རྒྱ་མཚོ་མན་བསྙེན་དུས་མ་དང་གོང་ལུགས་བཞིན་ནོ། །ཡང་ན། ཀུན་མཁྱེན་རྡོ་རྗེ་གདན་པ་ནས།
འཇམ་དབྱངས་མཁྱེན་བརྩེའི་གསན་ཡིག་ན་འཁོར་ཞལ་གྱི་རྗེས་གནང་ཞེས་ལོགས་སུ་བགྲངས་འདུག་པ་གདོང་བརྙན་ཅན་ལས་ཟུར་པ་མེད་ཀྱང་ལོ་མཆོག་པ་ཡོད་པའི་བརྒྱུད་པའི་