R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༤༩༢ན
[A:༤༩༢ན]
སྐབས་གདོང་བརྙན་ཅན་དང་ལས་བཞི་ལྷན་དུ་བགྲང་བའི་དབང་གིས་སོ་སོར་ཕྱེ་བར་སྣང་ངོ་། །
མདོ་ཁམས་པ་ཡོན་ཏན་རྒྱ་མཚོ། འབྲས་སྤུངས་པ་ཚེ་དབང་བཀྲ་ཤིས་མན་འདྲ། ཡང་ན། ས་པཎ་ནས། ཚོགས་སྒོམ་པ། ཉན་ཆེན་པ། ན་བཟའ་པ། བླ་མ་དམ་པ། བཞི་ཐོག་པ་ཀུན་དགའ་རིན་ཆེན། གཅུང་གྲགས་པ་བློ་གྲོས། མཁན་ཆེན་སེང་གེ་དཔལ་མན་འདྲ། ཡང་ན། བདག་པོ་ཀུན་རིན་ནས། བདག་ཆེན་བློ་གྲོས་པ། ཆོས་རྗེ་དགེ་བ་རྒྱལ་མཚན། རྗེ་ཟླ་བ་ཤེས་རབ། རྡོ་རིངས་པ་མན་འདྲ། ཡང་རྗེ་རྡོ་རྗེ་གདན་པའི་གསན་ཡིག་ལྟར་ན། རྡོ་རྗེ་འཆང་། ཡེ་ཤེས་ཀྱི་མཁའ་འགྲོ་མ། གཉན་ལོ་ཙཱ་བ་མན་འདྲ། འདི་ཉེ་བརྒྱུད་ཡིན་པ་འདྲ་ཞིང་། འཇམ་དབྱངས་མཁྱེན་བརྩེའི་གསན་ཡིག་གི་ཚར་ལུགས་ནས་བརྒྱུད་པའི་སྐབས་རིང་བརྒྱུད་དང་། གོང་དཀར་བའི་ལུགས་ཀྱི་གསན་ཡིག་སྐབས། གསན་ཡིག་རྒྱ་མཚོ་སེར་བཞག་
(?)
བགྲང་འདུག་པ་རྒྱས་བསྡུས་སུ་མངོན། པཎྜི་ཏ་འབུམ་ཕྲག་གསུམ་པ་ནས་བརྒྱུད་པའི་ཆོས་སྐོར། དཀར་ཆག་གིས་མ་ཟིན་པའི་འབུམ་གྱི་རྟགས་ཅན་གྱི་ལུང་བརྒྱུད་ནི། ཚར་