R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༤༩༢བ
[A:༤༩༢བ]ཆེན་ཡན་ཚར་ལུགས་ཞལ་ངོ་ནང་བརྒྱུད་དང་། ཡར་ཀླུང་པ་ནས་བརྒྱུད་པ་རྟ་ར་བ་བཞུགས་པ་ནས། མཁྱེན་བརྩེའི་ཞབས། རྟ་ར་བ། རྗེ་དབང་རབ་མན་འདྲ། དངོས་གྲུབ་རྒྱ་མཚོ་དང་། གསང་བ་ཐུན་མོང་མ་ཡིན་པའི་རྗེས་གནང་གི་ཡི་གེ་གསུང་རྒྱུན་ཕྱག་ལེན་ལྟར་ནང་ཞིང་སྐྱོང་ལྟར་སྒྲུབ་པའམ་གསང་སྒྲུབ་ཀྱི་རྗེས་གནང་གི་བརྒྱུད་པ་ནི། འཕགས་པ་རིན་པོ་ཆེ་ཡན་བསྙེན་དུས་ཀྱི་རྗེས་གནང་ཚར་ལུགས་ལྟར་ལ། དེ་ནས་དམ་པ་ཀུན་དགའ་གྲགས། བླ་མ་བདག་ཉིད་ཆེན་པོ། བླ་མ་དམ་པ་བསོད་ནམས་རྒྱལ་མཚན། སྔགས་འཆང་གཟུངས་ཀྱི་དཔལ་བ། ཆོས་རྗེ་བཟང་པོ་རྒྱལ་མཚན། མཁས་གྲུབ་དགེ་བ་རྒྱལ་མཚན། ཆོས་རྗེ་སངས་རྒྱས་མཆོག་ལ། མཚུངས་མེད་སྐྱེས་མཆོག་རྒྱལ་མཚན། མདོ་ཁམས་ལྕགས་མོ་བཀྲ་ཤིས་སེང་གེ
འདིས་སྟན་ཐོག་གཅིག་ཏུ་ཞལ་གྱི་སྔགས་ཐུང་འབུམ་ཕྲག་བརྒྱ་སོང་ཞིང་ཞལ་དངོས་སུ་གཟིགས་པ་ཡིན་ནོ།།
རྡོ་རྗེ་འཆང་ཚར་པ་ཆོས་རྗེ། ཀུན་མཁྱེན་མཁྱེན་བརྩེའི་དབང་ཕྱུག །སྔགས་འཆང་བསོད་ནམས་ཆོས་འཕེལ། རྡོ་རྗེ་འཆང་དབང་རབ། རིན་ཆེན་བསོད་ནམས་མཆོག་གྲུབ། མཁྱེན་རབ་བྱམས་པ་ངག་དབང་ལྷུན་གྲུབ། རྨོར་ཆེན་ཀུན་དགའ་