R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༡0༡
[A:༡0༡]འབྲུག་ལོའི་ནང་རྟེན་གཙོ་ཐུབ་དབང། དངུལ་གདུང་ཆེན་མོ་རྣམས་ལ་ཀྱཻ་རྡོ་རྗེའི་དཀྱིལ་འཁོར་དང་འབྲེལ་བའི་རབ་གནས་ཞི་རྒྱས་ཀྱི་སྦྱིན་བསྲེག་བཅས་མཛད། གླང་བུ་ཆོས་རྗེར་ས་ལོའི་བཀའ་འབུམ་གྱི་ལུང་གནང། ས་ག་ཟླ་ནང་ཆོས་སྡེ་གསར་པའི་མཁན་པོ་ཇོ་གདན་པ་དང། འཇམ་མགོན་སྐུ་སྐྱེ་སོགས་ལ་སྒྲུབ་ཐབས་བརྒྱ་རྩ་སོགས་གསུང་ཆོས་དུ་མ་གནང། སྐུ་དབོན་གཞོན་པ་ས་སྐྱར་ཕེབས་ཞོར་ཡར་མར་དུ་སྡེ་སྲིད་ཀྱིས་སྤྱན་དྲངས་སྟེ་ཁུ་དབོན་ཞལ་རྒྱས་ཆོས་བཀའ་མཛད་ཅིང། དབོན་དྲུང་གི་ཕུར་བཟློག་མཛད་ནས་རྩེ་གདོང་དུ་ཕེབས། སྣྲོན་ཟླའི་ནང་ལྷ་ཁང་ལྷོ་མའི་ཡུམ་ཆེན་མོའི་སྐུ་ལ་རབ་གནས་དང། ཨེ་ཝཾ་མཁན་གསར་ནམ་མཁའ་སངས་རྒྱས་ཟུར་འཆད་པ་དང་ལྷན་རྒྱས་ཐོག་ཆོག་གྲྭ་དགུའི་ལྷ་ཁང་ཆུང་ངུ་རྣམས་ལ་རབ་གནས་མཛད་ཅིང་གསུང་ཆོས་དུ་མ་གནང། དེ་སྔོན་ས་གའི་གོས་སྐུ་ཞལ་འབྱེད་སྐབས་གོས་སྐུའི་དབུ་གདུགས་ལྕགས་རྟིང་ལྷུངས་ནས་གོས་སྐུའི་ཞལ་རས་རལ། རྒྱུན་དུ་སྡེ་སྲིད་གཟིམ་ཆུང་ཁོ་ནར་བཞུགས་དགོས་དེང་རབ་གནས་སོགས་ཐུགས་གཡེང་ཤིན་ཏུ་ཆེ་ཡང་སྐུ་བགྲེས་ཉམས་ཀྱི་ཐུགས་ངལ་མི་མཛད་པར་གླང་བུ་ཆོས་རྗེ། ལྕགས་ཟམ་པ་དང། ངོས་བཟང་དབོན་པོ་རྣམས་ལ་བཀའ་ཆོས་དང། ལྷ་བཙུན་ཀུན་བཟང་རྣམ་རྒྱལ་ལ་བསྙེན་རྫོགས་དང། བྲང་ཏི་ནམ་མཁའ་སངས་