[A:༡0༢]རྒྱས་ལ་ལམ་སྦས་བཤད་ཀྱི་འཁྲིད་སོགས་ལམ་འབྲས་སྐོར་དུ་མ་གནང་ཞིང། བྲང་ཏི་པས་ཆོས་སྡེ་གསར་པའི་བླ་སློབ་མང་པོ་ལ་སྦྱོང་དཀྱིལ་སོགས་གནང་སྟེ་ངོར་དུ་ཕེབས།
དེ་ནས་ཆོས་སྡེ་གསར་པའི་གཙང་ཁང་གི་རྟེན་གཙོ་གསེར་བཟང་ཐུབ་དབང་ཞལ་རས་ལ་དཔངས་རྒྱངས་མཐོ་ལྔ་ཙམ་ཡོད་པར། འཁོར་ཉེ་སྲས་སྨན་སྐུ་ཐོག་སོ་དོ་ཙམ་ཡོད་པ་དང། ལྷོའི་གློ་འབུར་དུ་ཡུམ་ཆེན་མོ། བྱང་དུ་གནས་བཅུ་ལྷ་ཁང་དང། ལྷོའི་གློ་འབུར་དུ་ཡུམ་ཆེན་མོ། བྱང་དུ་གནས་བཅུ་ལྷ་ཁང་དང། འདུ་ཁང་ཆེན་མོ། སྟེང་གི་གཡབ་རིང་ལ་རྡོ་རྗེ་གདན་གྱི་བཀོད་པའི་སྟེང་ལི་མ་ལྷ་ཁང། རྡོ་ཆལ་ཁྱོན་ཤིན་ཏུ་ཆེ་བ་གཡས་གཡོན་མདུན་རྣམས་སུ་ལྷ་ཁང་བཅོ་བརྒྱད་མཛད་པའི་བྱང་ཤར་མགོན་ཁང་གི་སྟེང་ནད་སེལ་ལྷ་ཁང་གི་གཙོ་བོ་གསེར་བཟང་སྨན་བླ་མཆེད་བདུན། སློབ་དཔོན་དཔའ་བོ་དང་གཡུ་ཐོག་པ་སོགས་སྨན་བརྒྱུད་འབུར་སྐུ། ཞི་མཛད་ལྷ་ཁང་ན་སེང་གེ་སྒྲ་སེམས་ཉིད་ངལ་གསོ། དོན་ཞགས་ལྷ་ལྔ་སོགས། ནོར་ལྷ་ཁང་ན་ནོར་རྒྱུན་མ་ཛམ་སེར་ནག་སོགས། ཤར་ལྷོར་གཡོས་ཁང། ཕྱིར་བཟློག་ལྷ་ཁང་ན་གཙུག་ཏོར་གདུགས་དཀར་སོགས། རྣམ་སྲས་ཁང་ན་སེར་ཅན་རྟ་བདུན་བརྒྱད་སོགས། ཐུགས་རྗེ་ལྷ་ཁང་ན་སྤྱན་རས་གཟིགས། རྒྱལ་སྲས་ཐོགས་མེད། བུ་དོལ། ཀརྨ་དུས་གསུམ་མཁྱེན་པ་སོགས་ཀརྨ་བརྒྱུད་རིམ། རིགས་བརྒྱུད་ལྷ་ཁང་ན་གྲྭ་ལྔ་