[A:༡0༣]སོགས། ཀུན་གཟིགས་ལྷ་ཁང་ན་འཇམ་དབྱངས། རྗེ་བཙུན་གྲགས་པ། ས་སྐྱ་པཎྜི་ཏ། རྗེ་བོ་དོང་པ། རྗེ་ཙོང་ཁ་པ། རྗེ་དགེ་འདུན་གྲུབ་སོགས། མཁས་གྲུབ་ལྷ་ཁང་ན་གོན་གི་རྡོ་སྐུ་རྣམས་དང་ལོ་ཆེན་རིན་ཆེན་བཟང་པོ། ཆོས་རྒྱལ་ལྷ་ཁང་ན་སྲོང་བཙན་སྒམ་པོ་ཡབ་ཡུམ་དབོན་བློན་སོགས། ཨོ་རྒྱན་ལྷ་ཁང་ན་གུ་རུ་མཚན་བརྒྱད་སོགས། ཚེ་ལྷ་ཁང་ན་ཚེ་དཔག་ལྷ་དགུ། དབང་ཁང་ན་དམར་པོ་སྐོར་གསུམ་སོགས། བདུད་འདུལ་ལྷ་ཁང་ན་འོད་ཟེར་ཅན་མ་སོགས། མགོན་ཁང་ན་གུར་མགོན་ཐོག་སོ་ཕྱེད་དོ་ཙམ་དང། ཡུམ་ཆེན་སོགས་ཐོག་ཚད་མ། སྒོ་མ་རུ་འདྲེན་ཞལ་གཙོ་འཁོར་ལྔ་རྣམས་མི་ཚད། མཆོད་གཏོར་སྤྱན་གཟིགས་བཅས། མྱུར་སྐྱོབས་ལྷ་ཁང་ན་སྒྲོལ་མ་གཙོ་འཁོར། མདའ་དཔོན་ལྷ་ཁང་ན་བཀའ་འགྱུར་ཚར་གཉིས་དང་གུ་རུ་རིན་པོ་ཆེ་སོགས། བགེགས་འཇོམ་ལྷ་ཁང་ན་འབྱུང་འདུལ་སོགས། གྲིབ་སེལ་ལྷ་ཁང་ན་རྡོར་སེམས་རྣམ་འཇོམ་སྨེ་བརྩེགས་སོགས་བཞུགས་ཏེ་མིང་དང་བཀོད་པ་ཐམས་ཅད་སྡེ་སྲིད་རང་གིས་མཛད། གྲྭ་ཚང་སོ་སོ་ན་གཙང་ཁང་ཐུབ་ཆེན་དང། གཡས་སུ་ཡི་དམ། གཡོན་དུ་མགོན་ཁང། སྟེང་དུ་བླ་མ་ལྷ་ཁང། སྒོ་འཕྱོར་དུ་ལི་མ་ལྷ་ཁང་རེ་རེ་དང། གྲྭ་ཤག་མང་པོས་བསྐོར་བ། གོས་སྐུ་སྤེལ་གྱི་བྱང་བསིལ་ཚལ་མགོན་ཁང་ནང་ན་ཏྲཀ་ཤད་དང་ཕྱག་དྲུག་པ་