R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༡0༥
[A:༡0༥]བསྐང་མཛད་དེ་གཞིས་རྩེར་ཕེབས། སེར་འདུ་གྲུབ་ནས་རྒྱལ་ཟླའི་ཚེས་བཞི་ལ་སྐུ་འབུམ་ཆེན་མོའི་ས་ཆོག་སྐབས་གཙང་གཞུང་ཐལ་འཚུབ་ཀྱིས་ཁེངས་པ་སོགས་རྟེན་འབྲེལ་མ་ལེགས། དེ་སྐབས་རབ་བྱུང་བསྙེན་རྫོགས་དད་ཆག་མེད་གསོ་དགོས་རྣམས་ལ་དེ་བཞིན་གནང། ལྕགས་སྦྲུལ་ངག་དབང་ཆོས་གྲགས་ཕེབས་ནས་ཚེ་དབང་བརྟན་བཞུགས་སོགས་ཕུལ་ཞིང། རྗེ་ཉིད་ཀྱིས་སྡེ་སྲིད་ཞལ་ངོ་རྣམས་ལ་ཚེ་བཀའ་སོགས་མཛད་དེ་རྩེ་གདོང་དུ་ཕེབས། དབོ་ཟླའི་ནང་ལྗགས་བསྙེན་ཁ་གསོ་དང། རིལ་སྒྲུབ། མགོན་ཁང་སོ་སོར་གསུང་བསྐང་བཅས་མཛད་སྐབས་རིན་སྤུངས་དཔོན་པོས་སྤྱན་འདྲེན་བྱུང་ཡང་གཙང་ནས་དགོངས་པ་མ་གྲོལ་བར་ཐུགས་ཅུང་ཟད་མ་དགྱེས། ནག་ཟླའི་ཚེས་བདུན་ལ་གདུང་སྐུ་མཆེད་སྐུ་འཁོར་བཅས་ཀྱིས་ཞབས་བརྟན་ཕུལ་བར་རྟེན་འབྲེལ་ཅུང་ཟད་མ་ལེགས། ས་གའི་ཚེས་བཅུ་བཞི་ལ་རྩེ་གདོང་ནས་ཕེབས་ཏེ་གདུང་སྐུ་མཆེད་ཀྱིས་ཕེབས་སྐྱེལ་མཛད་པར་ཕྱག་དབང་བཀའ་བསྒོ་བསླབ་བྱ་རྒྱས་པར་གནང་ཞིང། དཔོན་སློབ་རྣམས་སྔར་དང་མི་འདྲ་བའི་ཕན་ཚུན་ཐུགས་ཤིན་ཏུ་འཕྲེང་བར་བྱུང། སང་ཉིན་གྲུར་ཕེབས་སྐབས་རི་དུར་གྱི་སྒྲ་ཆེན་པོ་དང་བཅས་གཞིས་རྩེར་ཕེབས་ནས། ས་གའི་ཚེས་བརྒྱད་ལ་མཁན་ཆེན་ཐམས་ཅད་མཁྱེན་