R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༡0༨
[A:༡0༨]རུང་སྡེ་སྲིད་ཞལ་ངོ་གསུམ་ལ་ཚེ་བཀའ་སོགས་གང་དགོས་གནང། དབོ་ཟླའི་ཚེས་དྲུག་ལ་སྐུ་ཤིན་ཏུ་དུབ་པར་གྱུར་པས་སྐུ་རིམ་རྒྱ་ཆེར་སྒྲུབ། ཚེས་བདུན་ལ་རྩེ་ནས་ཕྱོགས་ཐམས་ཅད་དུ་གཟིགས་ཏེ་རྒྱལ་ཁམས་བདེ་བའི་ཐུགས་སྨོན་གནང། ཚེས་བརྒྱད་ལ་སྙུན་མེད་པའི་ཚུལ་མཛད་ནས་ཞལ་འདོན་ཁོ་ནར་རྟག་འགྲུས་སུ་བཞུགས་ཏེ་དགུང་ལོ་དོན་གཉིས་པ་ཆུ་རྟ་དབོ་ཟླའི་ཚེས་དགུའི་ཉི་མ་ཕྱེད་ཙམ་ལ་འདའ་ཁ་མའི་ཉམས་བཞེས་མཛད་ནས་དགོངས་པ་ཆོས་དབྱིངས་སུ་ཐིམ་པའི་ཚུལ་བསྟན་ཏོ། ། དེའི་མཚན་འདས་པའི་ཐོ་རེངས་གཙང་བློན་རྣམས་ནང་རུལ་ནས་ཆོས་སྡེ་གསར་པའི་འཛིན་ཆ་རྣམས་ཤོར་ཏེ་གྲྭ་ཚང་ལྔའི་སྐུ་གསུང་ཐུགས་རྟེན་མཆོད་ཆ་ཕོད་ཀ་ཐང་ཐེབས། གསེར་རྔ་གྲ་འགྲིག་གྲྭ་པའི་གཟབ་སྤྲོས་རྣམས་སྐད་ཅིག་ལ་འཕྲོགས་ཏེ་གསོད་གཅོད་འཕྲོག་འཇོམས་ཀྱི་སྒོ་ནས་བསྟན་འགྲོའི་བདེ་སྐྱིད་ཐམས་ཅད་འཇོམས་པའི་ལས་ལ་མངོན་པར་བརྩོན་པར་གྱུར་ཏོ། ། དེ་ནས་སྐུ་འཁོར་དགེ་བཤེས་འགའ་ཞིག་གིས་བླ་མཆོད་གསོལ་མཆོད་མཛད་ཅིང་ཚེས་དགུ་ནས་བཟུང་ཉི་འོད་གསལ་ལ་མེ་ཏོག་གི་ཆར་བབས་པས་གཤེགས་པ་གསང་ཀྱང་ཕྱིས་དམག་མི་བློ་རྣོ་བ་འགའ་ཞིག་གིས་ཤེས་ཏེ། ཁ་སང་ནས་བླ་མ་དེས་བསྲུང་འཁོར་བཟང་བས་རྫོང་མ་ཕེབས་པར་འདུག་ད་བླ་མ་གཤེགས་པས་