[A:༡0༩]རྫོང་ཐོབ་བྱུང་ཟེར་བ་སོགས་གསང་མ་ཐུབ་བོ། ། ཐུགས་དམ་མ་གྲོལ་ཡང་དུས་འགྱུར་གྱི་སྟབས་ཆོས་རྗེ་གླང་བུ་བ་ཆོས་སྐྱོང་དབང་ཕྱུག་གི་ཞུ་བ་བསླུས་བསྐུལ་གྱི་ཐུགས་དམ་བཀྲོལ་ཏེ་ཚེས་བཅུ་གཉིས་ཀྱི་སྲོད་ཀྱི་ཆ་ལ་ཆོས་རྗེ་དེ་དང་དབུ་མཛད་ལྷུན་རྒྱལ་བས་སྐུ་གདུང་ཆས་སུ་བཅུག་ནས་སྤུར་སྒམ་དུ་བཞུགས་ནས་མཆོད་པ་ཕུལ།
འཇམ་མགོན་ཨ་མེས་ཞབས་བཀྲ་ཤིས་ལྷུན་པོར་བཞུགས་པ་ལ་དབུ་ཐེབས། གསོལ་ཕོད། ཕྱག་ཏིང། ཞལ་དཀར་འབྲས་ཤེལ། འཕགས་པ་རིན་པོ་ཆེའི་གསོལ་སྤང། སིལ་སྙན་བཟང་བ་སོགས་ཐུགས་དམ་གསལ་འདེབས་བསྔོ་རྟེན་རྒྱ་སྤངས་ཆེ་བ་དང། ཐམས་ཅད་མཁྱེན་པ་བློ་བཟང་ཆོས་ཀྱི་རྒྱལ་མཚན། དགའ་ལྡན་ཕོ་བྲང་པའི་ཕྱག་མཛོད་ཆེན་མོ། གུག་ཤྲི་རྒྱལ་པོ་རྣམས་ལའང་དངོས་པོ་རྒྱ་ཆེར་ཕུལ་ཏེ་དགོངས་པ་བཀྲོལ་ནས་ལམ་སྲུང་མགོ་དཀར་བ་དང་བཅས་སྐུ་གདུང་རིན་པོ་ཆེ་ཉེར་གསུམ་ལ་རྫོང་ནས་ཐོན་ཏེ་གནས་རྙིང་རྒྱལ་ཁང་དུ་བཞུགས། དེ་ནས་ཉེར་ལྔའི་སྔ་དྲོ་སྡེ་སྲིད་རིན་པོ་ཆེ་བཀྲ་ཤིས་ལྷུན་པོར་ཕེབས་དགོས་ཤར། དེ་ཉིན་སྐུ་གདུང་རྩེ་གདོང་ལྷུན་པོ་རྩེར་ཕེབས་ཏེ་ནག་ཟླའི་བཅུ་བཞིའི་བར་བཞུགས་པ་ལ་བྲང་ཏི་ནམ་མཁའ་སངས་རྒྱས་དང། གདུང་སྐུ་མཆེད་གཉིས་ཀྱིས་ཚོགས་དཔོན་མཛད་དེ་ཀྱཻ་རྡོར་སྒྲུབ་