[A:༡༡༠]མཆོད་ཚར་གཉིས་རེ་དང། བན་ཚང་པ་རྣམས་ཀྱིས་སྐུ་གདུང་དྲུང་རྣལ་འབྱོར་མའི་སྒྲུབ་མཆོད་དང། བླ་མཆོད། འདུ་ཁང། ཟུར་ཆེན། བླ་བྲང་སྡེ་ཡངས་རྣམས་སུ་གཞིས་བྱེས་ཀྱི་གསེར་ཚོགས་རྒྱ་ཆེན་པོས་སྨོན་ལམ་མཛད་པར་མང་ཇ་གདན་ནོན་འགྱེད་སོགས་སྤྱི་སྒོས་ལ་གྱ་ནོམ་ཞུས།
བཅུ་བཞིའི་ནུབ་མོ་རྗེ་ནམ་མཁའ་སངས་རྒྱས་ཀྱིས་ཀྱཻ་རྡོར་གྱི་སྒོ་ནས་གདུང་ཞུ་མཛད་པར། བུད་ཤིང་ཙན་དན་དཀར་དམར་ཁོ་ནས་བགྱིས་པ་སོགས་མཆོད་པའི་ཚོགས་རྒྱ་ཆེན་པོའི་མཆོད་པའི་ཉིན་ཐར་རྩེར་འབུལ་ཆེན། སྒྲུབ་མཆོད་པ་གཞན་ལ་ཡོན། ཚོགས་ཆེན་ལ་མང་འགྱེད། མངའ་ཞབས་ལ་ནས་སོགས་སྐམ་འགྱེད་མཛད།
བཅུ་དགུ་ལ་གདུང་ཁང་དང་གདུང་རུས་བསྡུས་པས་ཕལ་ཆེར་གདུང་ལོག་དང། འགའ་ཞིག་ལ་རིང་བསྲེལ་ཀྱང་ཐོན། ཀླུ་སྡིངས་སུ་སྨན་སྐུ་མདའ་ཁང་གང་མ་དུས་ཇ་ཐང་ཀ་ཆེ་ལེགས་གསུམ་རྣམས་གྲུབ་རིམ་བཞིན་རབ་གནས་དང་གྲོ་བཞིན་ཚེས་གཅིག་ནས་བལ་པོ་མགོན་པོ་དང་ཛི་ན་སོགས་བརྒྱད་ཀྱིས་དངུལ་གདུང་བཞེངས་པར་ཟངས་རྩེ་གདོང་གི་ཁལ་ཞེ་བརྒྱད་དང་ཉག་བཅུ་གཉིས། དངུལ་ཁལ་དྲུག་དང་ཉག་དགུ་སྲང་དྲུག་ཞོ་ལྔ། གསེར་སྲང་སོ་བདུན། གཡུ་ཁྲ་ལྟོས་ཆེ་བ་སོགས་ཀྱི་ཤིན་ཏུ་སྒྲོས་