R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༡༠
[A:༡༠]རིན་ཆེན་སྒང་བླ་བྲང་གི་གདུང་རབས། དེ་ནས་བླ་བྲང་རིན་ཆེན་སྒང་གདུང་རབས། ལུང་ཕུད་བཙུན་མོ་དྲུག་པ་ཞ་ལུ་མ། གཞོན་ནུ་འབུམ་སྲས་ཀུན་དགའ་ཉི་མ་དང། དོན་ཡོད་རྒྱལ་མཚན་བསོད་ནམས་རྒྱལ་མཚན་གསུམ། དོན་ཡོད་རྒྱལ་མཚན་ཡབ་རྗེ་ཞེ་དགུ་པ། ལྕགས་ཁྱིར་འཁྲུངས་ཤིང་སོ་ལྔ་ཤིང་སྤྲེར་གཤེགས། ཡབ་དང་བསོད་ནམས་གྲགས་པ་དཔལ་ལྡན་སེང། དཔང་ལོ་གྲགས་པ་སེངྒེ་བསོད་ནམས་དཔལ། རྒྱལ་སྲས་ཐོགས་མེད་ཆོས་དཔལ་བཟང་སོགས་བསྟེན། ཚོགས་ཆོས་གསུངས་པས་ཞལ་སློབ་ཤིན་ཏུ་མང། བཙུན་མོ་ཞ་ལུ་ཡོན་ཏན་དཔལ་འབུམ་ལ། ཉི་ཟླ་རྒྱལ་མཚན་རྣམ་གཉིས་ཕྱི་མ་ལ། བླ་ཆེན་ཀུན་དགའ་རྒྱལ་མཚན་ཞེས་གྲགས་དེ། ཡབ་རྗེ་སོ་ལྔ་ཤིང་སྤྲེར་འཁྲུངས་ནས་སུ། ས་ཁྱི་དོན་ལྔའི་བར་བཞུགས་དབུ་བླ་ནི། ཆོས་རྗེ་བླ་མ་མཉམ་མེད་གྲགས་རྒྱལ་སོགས། ཞལ་སློབ་ས་བཟང་འཕགས་པ་ཀུན་བཀྲས་སོགས། བཙུན་མོ་ཞ་ལུ་ནམ་མཁའ་རྒྱལ་མོ་ལས། ཡབ་རྗེ་ང་ལྔ་ས་སྟག་འཇམ་དབྱངས་ཆེ། ནམ་མཁའ་རྒྱལ་མཚན་