R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A):
[A:༩]ནས། སོ་དགུ་ཆུ་ལུག་བར་བཞུགས་དབུ་བླ་ནི། ཡབ་དང་མཁས་པ་ནོར་བཟང་དཔལ་ལ་སོགས། ཞལ་སློབ་ཆོས་རྗེ་བླ་མ་དམ་པ་སོགས། དེ་གཅུང་བགྲེས་པ་ནམ་མཁའ་བཤེས་གཉེན་དང། གཞོན་པ་ནམ་མཁའ་རྒྱལ་མཚན་རྣམ་གཉིས་སོ། ། མཁས་བཙུན་བཙུན་མོ་ངམ་རིང་ཁང་གསར་མ། དགེ་འདུན་འབུམ་ལ་ཡབ་རྗེ་སོ་ལྔ་པ། ས་ཡོས་ཀུན་དགའ་རིན་ཆེན་ས་ཡོས་བར། རེ་གཅིག་བཞུགས་དེས་ཆོས་རྗེ་བླ་མ་དང། མཉམ་མེད་གྲགས་རྒྱལ་ཞང་སྟོན་དབང་ཕྱུག་རྒྱལ། མགོན་རྒྱལ་འཇམ་སྔོན་གུང་རུ་ཤེས་རིན་སོགས། བསྟེན་ནས་མདོ་སྔགས་སྦྱངས་ཤིང་ཞལ་སློབ་ཀྱང། མང་དུ་བྱུང་འདྲ་བཙུན་མོ་གཉིས་བཞེས་སྔོན། ཉི་ཐོག་ནམ་པར་བློ་གྲོས་རྒྱལ་མཚན་ཏེ། དེ་ཡི་བཙུན་མོ་ས་སྐྱ་རྒྱལ་མོ་སྐྱིད། ཀུན་དགའ་དབང་ཕྱུག་ཡུམ་ཡིན་གཉིས་པ་ནི། མཉམ་མེད་དབོན་མོ་མ་གཅིག་དགེ་མ་ལ། གྲགས་པ་བློ་གྲོས་ཀུན་དགའ་བློ་གྲོས་དང། ལྕམ་གཅིག་འཁྲུངས་ཤིང་གྲགས་བློའི་བཙུན་མོ་ནི། བྲག་དཀར་མ་ལ་བློ་གྲོས་དབང་ཕྱུག་སྟེ། བཞི་ཐོག་བླ་བྲང་པ་ཡི་གདུང་རབས་སོ། །