R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༡༡
[A:༡༡]འཁྲུངས་ཤིང་དོན་ལྔ་པ། ཆུ་འབྲུག་གཤེགས་དེས་ཡབ་དང་ཐེག་ཆེན་རྗེ། བསོད་ནམས་རྒྱལ་མཆོག་རྡོ་རྗེ་རྒྱལ་མཚན་སོགས། བསྟེན་ཅིང་ཞལ་སློབ་གདུང་སྲས་སྐུ་མཆེད་སོགས། གཅུང་པོ་བདག་ཆེན་ཞ་ལུ་བསོད་རྒྱལ་བ། ལྕམ་མོ་གཉིས་དང་བཙུན་མོ་ཁྲོ་མདའ་མ། དཔལ་འབྱུང་རྒྱལ་མོར་ལྕམ་བཞི་སྲས་ཆེ་བ། རྒྱ་གར་ཤེས་རབ་རྒྱལ་མཚན་ཆུང་བ་ནི། བདག་ཆེན་རྡོ་རྗེ་འཆང་དབང་བློ་གྲོས་མཚན། བདག་ཆེན་ཞ་ལུའི་བཙུན་མོ་ལྡན་ཡུལ་མ། ཀུན་དགའ་འབུམ་ལ་གྲགས་པ་རྒྱལ་མཚན་ཏེ། བླ་བྲང་རིན་ཆེན་སྒང་པའི་གདུང་རབས་སོ། ། ལྷ་ཁང་བླ་བྲང་གི་གདུང་རབས། དེ་ནས་ལྷ་ཁང་བླ་བྲང་གདུང་རབས་ནི། ལུང་ཕུད་བཙུན་མོ་བཞི་པ་ཤ་ཟུག་མ། ཀུན་དགའ་ནམ་མཁའི་རྒྱལ་མཚན་མ་ཡི་སྲས། ཀུན་དགའ་ལེགས་པའི་འབྱུང་གནས་ཞེས་བྱ་དང། ཀུན་དགའ་རྒྱལ་མཚན་གཉིས་ལས་ཕྱི་མ་འདི། ཡབ་རྗེ་ཞེ་དགུ་ལྕགས་ཁྱི་ཞེ་དགུ་པ། ས་ཁྱི་བར་བཞུགས་དབུ་བླ་ཞལ་སློབ་རྣམས། མ་ངེས་བཙུན་མོ་གཉིས་དང་ཁ་ཆར་མ། དཔལ་