[A:༡༡༡]གཙང་བར་སྒྲུབ།
དེ་སྐབས་སྡེ་གཟར་གྱིས་དབུས་གཙང་ལ་འགྲིམ་འགྲུལ་ཤིན་ཏུ་དཀའ་བར་ཡོད་ཀྱང་བསོད་ནམས་རིག་འཛིན་དཔོན་གཡོག་དབུས་ཕྱོགས་སུ་དགོངས་རྫོགས་དོ་དམ་པར་ཐོན་ཏེ་ཇོ་ཞལ་རྣམ་གཉིས་ལ་གསེར་ཞལ། ཐམས་ཅད་མཁྱེན་པ་བློ་བཟང་རྒྱ་མཚོ་དང། ས་སྐྱ་སྒར་ཆེན་རྣམས་ལ་གསུང་བསྔོའི་རྟེན། སེར་འབྲས་ནཱ་ལེནྡྲ་སོགས་གྲུབ་མཐའ་རིས་མེད་ཀྱི་དགོན་པར་མང་འགྱེད་ལྟོས་ཆེ་བ་དང། གཙང་དུའང་དགོངས་རྫོགས་དོ་དམ་པ་མངགས་ཏེ་ས་སྐྱར་ཆོས་དུང་གསུང་བསྐུལ་གྱི་མང་འགྱེད། འཇམ་མགོན་ཨ་མེས་ཞབས་ལ་བསྔོ་རྟེན། ཨེ་ཝཾ་དུ་རྗེ་རྡོ་རྗེ་འཆང་གི་དུས་མཆོད་ཆེན་མོ་དེ་ལོ་ཅུང་དཀའ་བར་ཡོད་འདུག་པ་ལ་འདིས་དགོངས་རྫོགས་ཀྱི་གཞི་བཟུང་སྟེ་ངོར་ལུགས་སྒྲུབ་མཆོད་ལྔ་ཉིན་དུ་མར་བཙུགས་པར་མང་ཇ་གཉིས་དང་ཙམ་ཁལ་འགྱེད། མཁན་ཆེན་ཤར་ཆེན་ལ་བསྔོ་རྟེན་སྤམ་མཐོ་བ། བཀྲ་ཤིས་ལྷུན་པོར་མང་ཇ་རྒྱབ་བཅས་ཐོག་རྗེ་བློ་བཟང་ཆོས་ཀྱི་རྒྱལ་མཚན་ལ་འབུལ་ཆེན། ཐུབ་བསྟན་རྣམ་རྒྱལ། གསེར་མདོག་ཅན། འབྲས་ཡུལ་སྐྱིད་ཚལ་སོགས་དགོན་སྡེ་མང་པོར་མང་འགྱེད། རྒྱལ་བ་ཀརྨ་པ་ཆོས་དབྱིངས་རྡོ་རྗེ། དྲུང་རྒྱལ་ཚབ་སྤྲུལ་སྐུ། སྟག་ལུང་ཁུ་དབོན། འབྲུག་གདུང་བརྒྱུད་སོགས་མཁས་གྲུབ་རྣམས་ལ་བསྔོ་རྟེན་སྤམ་