R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༡༡༣
[A:༡༡༣]བསྟན་པ་རྗེ་བསོད་ནམས་ཆོས་འཕེལ། གསེར་མདོག་ཅན་གྱི་མཁན་ཆེན་ཤཱཀྱ་བསྟན་འཛིན། སྤྱན་སྔ་ཀུན་དགའ་དོན་འགྲུབ། ཤངས་བརྒྱ་ཚོ་བླ་མ་དཀོན་མཆོག་རྒྱ་མཚོ། རྗེ་སྙིང་རྗེ་བཟང་པོ། ངག་དབང་མཆོག་ལེགས་རྡོ་རྗེ་དབོན་བཅས། འབྲུག་གདུང་བརྒྱུད་མི་ཕམ་བསྟན་པའི་ཉི་མ། རི་ཤིང་ཞབས་དྲུང། ཚེར་ལུང་ཀརྨ་ཀུན་དགའ་རྣམ་རྒྱལ། སྟག་ལུང་ཞབས་དྲུང་ངག་དབང་བཀྲ་ཤིས་དཔལ་གྲུབ་ལ་སོགས་པ་མཁས་གྲུབ་དང་ཆེན་པོའི་གདུང་འཛིན་པ་དུ་མ་དང། སྡེ་སྲིད་ཀརྨ་ཕུན་ཚོགས་རྣམ་རྒྱལ། ཀརྨ་བསྟན་སྐྱོང་དབང་པོ་སོགས་ཆོས་བཞིན་དུ་སྤྱོད་པའི་རྒྱལ་པོ་དུ་མ་སྟེ་མདོར་ན་བསྟན་འགྲོར་སྨན་པའི་ཞལ་སློབ་བགྲང་བར་མི་བཟོད་པ་བསྐྲུན་པར་མཛད་དོ། ། ཚེ་དབང་ཧོར་སོག་བསོད་ནམས་རྒྱལ་མཚན། དེའི་གཅུང་ཚེ་དབང་ཧོར་སོག་བསོད་ནམས་རྒྱལ་མཚན་ནམ་ངག་དབང་ཀུན་དགའ་ལྷུན་གྲུབ་བཀྲ་ཤིས་གྲགས་པ་རྒྱལ་མཚན་དཔལ་བཟང་པོ་ནི་ཆུ་མོ་བྱ་ལ་འཁྲུངས། གསན་སྦྱོངས་དང་ཐུགས་དམ་མཛད་ནས་དགུང་ལོ་བཅོ་བརྒྱད་པ་ལྕགས་སྟག་རྟ་ཟླའི་བཅུ་གཉིས་ལ་གཤེགས།