[A:༡༢༠]ལོ་ལ་རྗེ་འདི་མནལ་རྐྱེན་གྱི་ཐུགས་དྲན་མེད་ལ་འགྲོ་བ་ཞིག་བྱུང་བར། མཁན་ཆེན་གྱིས་གུར་དྲག་གི་དབང་ཡང་ཡང་སྩལ་བས་དྭངས་ཤིང། གུར་དྲག་གི་ཞལ་ཡང་གཟིགས། ལྷག་ལྷའི་གཙོ་བོ་གུར་དྲག་ལ་མཛད། ལྕགས་སྟག་དབོ་ཟླའི་ཚེས་ལྔ་ནས་བཟུང་ཁྲུམས་ཟླའི་བཅུ་བཞི་བར་མཁན་ཆེན་ལས་སླར་ཡང་གསུང་ངག་དང། ནི་གུ་སྦྱོང་དཀྱིལ། རིགས་གསུམ་སྤྱི་དང་ཨ་ར་པ་ཙ་ནའི་དབང་རྡུལ་ཚོན། བཀའ་གདམས་གླེགས་བམ་སོགས་གསན་ཏེ་མཁན་ཆེན་ཐུབ་བསྟན་དུ་བྱོན། ལོ་དེར་ཐུབ་བསྟན་མཁན་ཆེན་གཉིས་བཏུད་ནས་གཤེགས་པས་རྗེ་བསྟན་རྡོར་གྱི་སླར་ཡང་གདན་ས་མཛད།
ཡོས་ལོ་རྟ་ཟླའི་ནང་རྗེ་འདིས་ཐུབ་བསྟན་དུ་བྱོན་པར་འདུས་ཚོགས་ཀྱི་སེར་ཕྲེང་སོགས་ཞབས་ཏོག་ཟབ་ཅིང་མཁན་ཆེན་ནས་ཟབ་ཆོས་དུ་མ་དང། བརྡའ་སྤྲོད་ཀྱི་གཞུང་འབུལ་བར་མཛད་དེ་སྟོན་རྩེ་གདོང་དུ་ཕེབས། དགུན་མཁན་ཆེན་རྩེ་གདོང་དུ་འཁོར་ཙམ་ཕེབས་ནས་དཔོན་སློབ་ལྷན་གཅིག་ཐུབ་བསྟན་དུ་ཕེབས་ཏེ་གསན་སྦྱོང་རྒྱུན་མ་ཆད་པར་མཛད། དེ་སྐབས་མཁན་ཆེན་ནས་རཏྣ་བྷ་དྲའི་གདན་ས་རྐྱང་ཕུ་དང། ཡོན་ཏན་དཔལ་འབྱུང་གི་དགོན་པ་ཚ་ལུང་གཉིས་ཀྱང་ཞལ་འཛིན་མཛད་པས། དཔོན་སློབ་ལྷན་ཅིག་རྟ་ནག་ཕུར་ཡང་ཡང་བྱོན་ཚེ་གཡག་འབྲོག་དད་པ་ཅན་